R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 129
[A:129] བརྡ་ཆིག་བརྒྱུད་མན་ངག་བཤད་མཛོད་ནས་ཚུལ་གོང་བཞིན་དང༌། རྡོ་རྗེའི་ཚིག་རྐང་དོན་འགྲེལ་འཕགས་པ་རིན་པོ་ཆེས་མཛད་པ། ཐེག་ཆེན་པས་མཛད་པ་ལམ་དབང་རྒྱས་འབྲིང་བསྡུས་གསུམ་ལེན་ལུགས་དང༌། ཐེག་ཆེན་པའི་ལམ་འབྲས་གསོལ་འདེབས་འདི་ཀའི་ཁ་སྐོང་དང་བཅས་པ་སྟེ། དེ་དག་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་ནས། རྗེ་བཙུན་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོ་ཡན། རྗེ་བཙུན་ཡེ་ཤེས་དབང་པོ་ལ། ཉི་གླིང་རྗེས་གསན་པ་དང་འདྲ་ལ། ཡང༌། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པམཁས་གྲུབ་རིགས་པའི་གློག་ཕྲེང༌། འཇམ་དབྱངས་བྱང་ཆུབ་དབང་གི་རྒྱལ་པོཔཎ་ཆེན་བདེ་བའི་རྡོ་རྗེརྗེ་ལྷ་དབང་ཕྲིན་ལསརྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། དེས་བདག་ལའོ། ༈ །ཕྱིས་སྒྱི་ཆུ་བ་དང་ཆུ་བོ་ཉིས་བསྲེས་བརྒྱུད་ལུགས་གསུམ་བྱུང་བའི་ དང་པོ་ནི། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། སྔགས་འཆང་གཟུངས་ཀྱི་དཔལ། རྗེ་བཟང་པོ་རྒྱལ་མཚན། རྗེ་རྒྱལ་མཚན་དཀོན་མཆོག །བྱམས་པ་རྡོ་རྗེ་རྒྱལ་མཚན། རྗེ་དཀོན་མཆོག་དཔལ་བ། མཁན་ཆེན་བྱམས་པ་ཆོས་དཔལ་འབྱོར། འཇམ་དབྱངས་བྱང་ཆུབ་དབང་རྒྱལདཔལ་ཤཱཀྱ་ཀུན་དགའའཇམ་དབྱངས་དབང་ཕྱུག་རྒྱལ་མཚན། ཡང་ན། དཔལ་ཤཱཀྱ་ཀུན་དགའབླ་ཆེན་ཡེ་ཤེས་དབང་པོཉི་གླིང་རྗེ། དེས་བདག་གོ །ཡང་ན་བྱམས་པ་ཆོས་དཔལ་འབྱོར། འཇམ་དབྱངས་བྱང་ཆུབ་དབང་རྒྱལཔཎ་ཆེན་བདེ་བའི་རྡོ་རྗེབླ་མ་ལྷ་དབང་ཕྲིན་ལསཉི་གླིང་རྗེ། དེས་བདག་གོ ། གཉིས་པ་ནི། བཀའ་དྲིན་མཚུངས་མེད་ལྷ་དབང་ཕྲིན་ལས་ཀྱིས། རྡོ་རྗེ་གདན་དུ་ཕྲ་མོ་དང༌། སྤོད་ནག་མ། ལམ་སྐོར་ཕྱི་མ་བརྒྱད་ཅུང་མ་རྫོགས་པས། སྒྱི་ཆུར་
ཕྱི་ནང་གི་དབང་ནས་ལམ་འབྲས་ལམ་སྐོར་ཕྱི་མ་བརྒྱད་
ལམ་སྐོར་ནང་མ་དང་བཅས་ཡོངས་རྫོགས་གསན་པའི་བརྒྱུད་པ་ནི། ཨེ་ཝཾ་གཉིས་མེད་ལྷན་སྐྱེས་