[A:141]ངག་དབང་ལྷུན་གྲུབ། དེས་བདག་གོ །ཡང་ན་རྗེ་བཙུན། གན་པ་སྟོན་དར། གན་པ་སོ་སྟོན། གན་པ་ཆོས་རྒྱལ། གན་པ་ཆོས་རིན། གན་པ་རིན་རྒྱལ། འགྲོ་མགོན་བསོད་ནམས་རྒྱལ་མཚན་མན་སྔ་མ་བཞིན་ནོ། །ཡང་ན། སྐྱོ་དར་མ་རིན་ཆེན། བག་སྟོན་གཞོན་ཚུལ། བླ་མ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། ངོར་ཆེན་མན་གོང་བཞིན་ནོ།
༈ །དཔལ་རྡོ་རྗེ་གདན་བཞི་རྣལ་འབྱོར་ནམ་མཁའ་ལྷ་དགུ་བཅུ་རྩ་བདུན་གྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་རྔོག་རིན་ཆེན་དཔལ་བཟང་གི་ཡིག་ཆའི་སྟེང་ནས་
པཎ་ཆེན་བྱམས་པ་གླིང་པའི་ཡིག་ཆ་དང་སྒོ་བསྟུན་ཞེས་པ་གསལ་
དབང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། འཕགས་པ་ཀླུ་སྒྲུབ། ཨཱརྱ་དེ་བ། ཏི་ལོ་པ། ནཱ་རོ་པ། དགེ་བའི་གོ་ཆ། བདེ་བའི་གོ་ཆ། རྣམ་རྒྱལ་དབང་པོའི་སྡེ། ཐང་ཆུང་པ། མར་པ། རྔོག་སྟོན་ཆོས་སྐུ་རྡོ་རྗེ། རྔོག་མདོ་སྡེ། རྔོག་ཀུན་དགའ་རྡོ་རྗེ། རྔོག་དགེ་སློང་གཟི་བརྗིད་གྲགས་པ། རྔོག་རིན་ཆེན་བཟང་པོ། རྔོག་ཆོས་ཀྱི་རྒྱལ་པོ། རྔོག་དོན་གྲུབ་དཔལ་བཟང༌། རྔོག་བྱང་ཆུབ་དཔལ་བ། རྔོག་རིན་ཆེན་དཔལ་བཟང༌། རྔོག་བྱང་ཆུབ་དཔལ་གྲུབ། རྔོག་བྱང་ཆུབ་གྲགས་པ། རྔོག་བློ་གྲོས་དཔལ་བཟང༌། རྔོག་དཔལ་འབྱོར་དོན་གྲུབ། རྔོག་འཇམ་དབྱངས་འོད་ཟེར། པཎ་ཆེན་བསོད་ནམས་མཆོག་ལྡན། ངག་དབང་ཨུ་རྒྱན། སྒྱི་ཆུ་བློ་གྲོས་དབང་ཕྱུག །ཀུན་དགའ་བཀྲ་ཤིས། བསོད་ནམས་བློ་གྲོས། བསོད་ནམས་རྣམ་རྒྱལ། ངག་དབང་དཔལ་མགོན། དགེ་སློང་དགེ་འདུན་ཡར་འཕེལ། ཁྱབ་བདག་བསྟན་འཛིན་ཚུལ་ཁྲིམས། དེས་བདག་དྷྭ་ཛ་ལའོ། །
དེ་ལ་རྩ་བའི་བླ་མ་པཎ་ཆེན་བསོད་ནམས་མཆོག་ལྡན་དང༌། བླ་མ་རབ་འབྱམས་པ་རིན་ཆེན་རྒྱ་མཚོ་གཉིས། དེ་གཉིས་ཀ་ལ་བདག་གིས་ཐོབ། ཡང་ན་ཨཱརྱ་དེ་བ། ཨ་སུ་རིའི་བྲག་ཕུག་ན་གནས་པའི་རྣལ་འབྱོར་མ་མི་རུས་ཀྱི་ཕྲེང་བ་ཅན། བལ་པོ་རྣམ་པར་རྒྱལ་བའི་དབང་པོའི་སྡེ། མར་པ་ལོ་ཙཱ། རྔོག་ཆོས་སྐུ་རྡོ་རྗེ་མན་འདྲ།
ཐུན་མོང་མ་ཡིན་པའི་བཤད་རྒྱུད་རྡོ་རྗེ་གུར་ནས་གསུངས་པ། དངོས་སུ་དཀྱིལ་