R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 143
[A:143] གན་པ་སྟོན་དར། གན་པ་སོ་སྟོན། གན་པ་ཆོས་རྒྱལ། གན་པ་ཆོས་རིན། གན་པ་རིན་རྒྱལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་ཆེན་ཀུན་རྒྱལ། ཐེག་ཆེན་ཆོས་ཀྱི་རྒྱལ་པོའོ། །ཡང༌། ལ་ལར་འཕགས་པ་རིན་པོ་ཆེ། གན་པ་འཇམ་དབྱངས་རིན་རྒྱལ་བ། བླ་མ་བསོད་ནམས་རྒྱལ་མཚན་ཞེས་འདུག་པ་ནི་མི་འཐད་དེ། གན་པ་རིན་རྒྱལ་དང་འཇམ་དབྱངས་རིན་རྒྱལ་མི་གཅིག་པས། གླང་གི་ཡ་མཆུ་དང༌། ཕག་གི་མ་མཆུ་སྤྲད་པ་བཞིན་ནོ། །བྲག་ཐོག་གསན་ཡིག་དང༌། གསན་ཡིག་རྒྱ་མཚོ་གཉིས་ན་མེད་ཅིང་རྡོ་རྗེ་གདན་པས་མཛད་པའི་གུར་གྱི་དཀྱིལ་ཆོག་ཁུངས་མ་རྣམས་ནའང་དེ་ལྟར་མེད་དོ། །འདི་ལའང་བླ་ཆེན་ཀུན་རྒྱལ་གྱི་གནས་སུ་ས་བཟང་པཎ་ཆེན་བཅུག་ཀྱང་འདྲ་གསུང་ངོ༌། ། ཡང༌། ལུགས་གཅིག་ལ། རྡོ་རྗེ་འཆང༌། རྡོ་རྗེ་སྙིང་པོ། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཀླུ་སྒྲུབ། མ་ཏངྒི། ཏི་ལོ་པ། ནཱ་རོ་པ། མར་པ། རྔོག་མདོ་སྡེ། རམ་གླུ་གོང་པ། གྲམ་ཕུག་པ་དཀོན་མཆོག་འཁར། ཚུལ་ཁྲིམས་སྐྱབས། འཕགས་སྐྱབས། སྟོན་གཞོན། ཆོས་འོད། དབུས་པ་སངས་རྒྱས་འབུམ། བླ་མ་འཕགས་པའོ། །གསན་ཡིག་རྒྱ་མཚོར། འཕགས་པ་རིན་པོ་ཆེ། ཚོགས་སྒོམ་པ། ཉན་ཆེན་པ། བྲག་ཕུག་པ། བླ་མ་དམ་པ། ཞེས་འདི་གཞན་ན་མིན་འདུག་པས་དཔྱད་དོ། །ཡང༌། བླ་མ་དཔལ་ལྡན་ལེགས་དབང་གི་གསན་ཡིག་ལས། ལུགས་གཅིག་ལ། རྡོ་རྗེ་གུར། ཏི་ལོ་པ། ནཱ་རོ་པ། མར་པ། མེས་སྟོན་ཚོན་པོ། སྒྱི་ཆུ་བ། ས་ཆེན་སོགས། ཡང༌། ལུགས་གཅིག་ལ། ས་ཆེན་ཡན་མན་ངག་བརྒྱུད་པ་དང་མཚུངས་པར་ཡང་བགྲངས་འདུག་པ་ཐེག་ཆེན་ཆོས་རྗེའི་དགོངས་པ་ཡིན་པར་སེམས་སོ། ༈ །གུར་སྒྲོལ་བཅུ་གཅིག་མའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པར་འཕགས་པའི་མངོན་དཀྱིལ་ནས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། ཌོམྦྷི་ཧེ་རུ་ཀ །འཇམ་དཔལ་གྲགས་པ། ཛ་ལནྡྷ་ར་པ། སེའུ་རི་