R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 144
[A:144]པ༑ འཇིགས་མེད་འབྱུང་གནས། དགེ་བའི་འབྱུང་གནས། དཔེ་མེད་འཚོ། ཨ་བ་དྷཱུ་ཏཱི་པ༑ དརྤན་ཨཱ་ཙརྻ། གློ་བོ་ལོ་ཙཱ་ཤེས་རབ་རིན་ཆེན། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། ཆོས་རྗེ་བླ་མ་དམ་པ། ལོ་ཆེན་སྐྱབས་མཆོག་དཔལ། བླ་མ་ནམ་མཁའ་འོད་ཟེར། ལོ་ཆེན་ཤེས་རབ་རིན་ཆེན། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ། མཁས་གྲུབ་རིགས་པའི་གློག་ཕྲེང༌། བླ་མ་མ་ཎི་བཛྲ། རྗེ་དབང་ཕྱུག་རྒྱལ་མཚན། རྡོ་རྗེ་འཆང་བསོད་ནམས་མཆོག་ལྡན། དེས་བདག་གོ །འདི་སྒྲོལ་མ་བཅུ་བདུན་མའི་དཀྱིལ་ཆོག་ལ་བརྟེན་ནས་སོ། ༈ །རྟ་མཆོག་གི་རིགས་སྒྲོལ་མ་མངོན་པར་འབྱུང་བའི་རྒྱུད། སློབ་དཔོན་ཉི་མ་སྦས་པའི་གཞུང་ལས་ལུས་དཀྱིལ་ཕྱི་དཀྱིལ་གཉིས་ལས་ཕྱི་དཀྱིལ་ཕྱག་འཚལ་སྒྲོལ་མ་ཉེར་གཅིག་གི་རྗེས་སུ་འབྲངས་པ་སྒྲོལ་མ་ལྷ་བཅུ་བདུན་མའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པར་འཕགས་པའི་མངོན་དཀྱིལ་ནས་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་མ་སྒྲོལ་མ། སློབ་དཔོན་ཉི་མ་སྦས་པ། ཙནྡྲ་གརྦྷ། དགྲ་ལས་རྣམ་རྒྱལ། སློབ་དཔོན་ངག་དབང་གྲགས་པ། དད་བྱེད་གོ་ཆ། དེ་བཞིན་གཤེགས་པའི་བསྲུང་བ། དཱ་ན་ཤྲཱི། མཉྫུ་ཤྲཱི། མལ་ལོ་ཙཱ་བ། བླ་མ་ས་སྐྱ་པ་ཆེན་པོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་པཎ། འགྲོ་མགོན་འཕགས་པ། ཉི་ཐོག་པ། མཆོག་ལྡན་ལེགས་པའི་བློ་གྲོས། བློ་ཆེན་སངས་རྒྱས་སྲས། གར་ཐིག་པ་བསོད་ནམས་རྒྱལ་མཚན། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། བྲག་ཐོག་པ་བསོད་ནམས་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ། མཁས་གྲུབ་རིག་པའི་གློག་ཕྲེང༌། བླ་མ་མ་ཎི་བཛྲ། རྗེ་བཙུན་དབང་ཕྱུག་རྒྱལ་མཚན། རྡོ་རྗེ་འཛིན་པ་བསོད་ནམས་མཆོག་ལྡན། དེས་བདག་གོ །བརྒྱུད་པ་གཙོ་ཆེ་བ་འོག་ནའང་ཡོད་དོ། །ཡང་ན། མལ་ལོ། ས་ཆེན། རྗེ་བཙུན་གྲགས་པ། མཆིམས་ཆོས་ཀྱི་སེང་གེ །ཆོས་རྗེ་འཇམ་