R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 149
[A:149]ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། ཌོམྦྷི་ཧེ་རུ་ཀ །ཨ་ལ་ལ་བཛྲ། ནགས་ཁྲོད་པ། གརྦྷ་རི་པ། ཛ་ཡ་ཤྲཱི། མི་ཐུབ་ཟླ་བ། དཔའ་བོ་རྡོ་རྗེ། ཤཱཀྱ་ཡེ་ཤེས། མངའ་རིས་པ་གསལ་བའི་སྙིང་པོ། འཁོན་སྒྱི་ཆུ་བ་དགྲ་བླ་འབར། ས་སྐྱ་པ་ཆེན་པོ༑ སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་སྐྱ་པཎྜི་ཏ། ཁང་སྟོན་འོད་ཟེར་རྒྱལ་མཚན། བཀའ་བཅུ་པ་གཞོན་ནུ་སེང་གེ །ཀུན་མཁྱེན་བདེ་ལེགས་དཔལ། བླ་མ་དཔལ་ལྡན་དོན་གྲུབ། རྫོང་པ་ཀུན་དགའ་རྒྱལ་མཚན་ནམ་མཚན་གཞན་འཇམ་དབྱངས་གྲགས་པའི་དཔལ། བླ་ཆེན་ཆོས་སྐྱོང་བཟང་པོ། རྩངས་བྱམས་པ་རྡོ་རྗེ་རྒྱལ་མཚན། རྗེ་ཤེས་རབ་རིན་ཆེན། བྱམས་པ་ནམ་མཁའ་རྒྱལ་མཚན། བྱམས་པ་ནམ་མཁའ་རྒྱ་མཚོ། འབུམ་ཆེན་ཀུན་དགའ་དཔལ་འབྱོར། སྒྱི་ཆུ་བ་རྡོ་རྗེ་འཆང་བྱམས་པ་བསོད་ནམས་ཕུན་ཚོགས། དེས་བདག་གོ ༈ །དཔལ་ཀྱེ་རྡོ་རྗེའི་རྩ་རྒྱུད་བརྟག་པ་གཉིས་པའི་བཤད་པ་རྒྱུད་གསུམ་སྦགས་བཤད་ཀྱི་ཚུལ་དུ། ཐེག་ཆེན་པའི་དག་ལྡན་སྙེ་མ་དང༌། འཛིན་ཆོས་རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས་ཀྱིས་མཛད་པའི་སྟེང་ནས་ཐོབ་ཅིང༌། ཡང༌། དེའི་ལུང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། རྡོ་རྗེ་འཛིན་པ་ཆེན་པོ་པཎ་ཆེན་བསོད་ནམས་མཆོག་ལྡན། དེས་བདག་ལའོ། །དེའི་རྒྱབ་ཆོས་ཀྱི་ལུང་ལ། ཀྱེ་རྡོར་རྒྱུད་གསུམ་དང༌། རྒྱུད་སྡེའི་དུམ་བུ་རྣམ་གཞག་མངོན་རྟོགས་དང༌། སྟོང་འཐུན་གཉིས་ཀྱི་བསྡུས་དོན་བསྟོད་པ་གཉིས། བདག་མེད་བསྟོད་པའི་རྣམ་འགྲེལ་དང་བཅས་པ༑ ཀུན་ཏུ་དགོས་པའི་གཞུང་བདུན་དང་དག་ལྡན་སྙེ་མ་རྣམས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ཡན་ལམ་འབྲས་བཞིན་ལས། སྔགས་འཆང་གཟུངས་ཀྱི་དཔལ། རྗེ་བཟང་པོ་རྒྱལ་མཚན། རྒྱལ་མཚན་དཀོན་མཆོག ། བྱམས་པ་རྡོ་རྗེ་རྒྱལ་མཚན། རྗེ་དཀོན་མཆོག་དཔལ། པཎ་ཆེན་ལྷ་དབང་བློ་གྲོས།