R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 157
[A:157]བརྩེགས། མལ་ལོ། ས་ཆེན་ཀུན་སྙིང༌། རྗེ་བཙུན་རྩེ་མོ། རྗེ་བཙུན་གྲགས་རྒྱལ། རྗེ་བཙུན་ས་པཎ། བོ་དོང་རིན་པོ་ཆེ། ཁྲོ་ཕུ་བ་བསོད་ནམས་སེང་གེ །ཡང་རྩེ་བ་རིན་ཆེན་སེང་གེ །བུ་སྟོན། རིན་ཆེན་རྣམ་རྒྱལ། ཁྱུང་ལྷས་པ་གཞོན་ནུ་བསོད་ནམས། མཁས་པ་ནོར་བཟང་རིན་ཆེན། བཀའ་བཞི་བ་རིན་ཆེན་རྒྱལ་མཚན། སྐུ་ཞང་མཁྱེན་རབ་རིན་ཆེན་མཆོག་གྲུབ། མཁན་ཆེན་རིག་འཛིན་རྒྱལ་པོ། བཀྲ་ཤིས་དཔལ་འབྱོར། བྱང་གླིང་པ་རིན་ཆེན་བཀྲ་ཤིས་རྒྱལ་མཚན། ངོར་ནམ་མཁའ་དཔལ་བཟང༌། ངོར་མཁན་ཆེན་དཔལ་ལྡན་དོན་གྲུབ། བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། དེས་བདག་ལའོ། །ཡང༌། ས་པཎ། འཕགས་པ། ཞང་དཀོན་དཔལ། བྲག་ཕུག་པ། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། དཔལ་ལྡན་ཚུལ་ཁྲིམས། ཡེ་ཤེས་རྒྱལ་མཚན། ངོར་ཆེན། མུས་ཆེན། རྗེ་དཀོན་མཆོག་རྒྱལ་མཚན། རྗེ་སངས་རྒྱས་རིན་ཆེན། རྗེ་དཀོན་མཆོག་ལྷུན་གྲུབ། རྗེ་ཤེས་རབ་རྒྱལ་མཚན། རྗེ་ནམ་མཁའ་དཔལ་བཟང༌། རྗེ་དཔལ་ལྡན་དོན་གྲུབ། རྗེ་བཀའ་འགྱུར་བ་ཆེན་པོ་མགོན་པོ་བསོད་ནམས་མཆོག་ལྡན། དེས་བདག་གོ
༈ །
ཕག་མོ་སོ་བདུན་མངོན་འབྱུང་གི་རྒྱུད་ནས་བཤད་པ།
རྡོ་རྗེ་ཕག་མོ་ལྷ་སོ་བདུན་སློབ་དཔོན་ཨུ་མ་པ་ཏི་དྷ་དྷའི་མངོན་རྟོགས་ངག་འདོན་འཕགས་པ་རིན་པོ་ཆེ་དང༌། དཀྱིལ་ཆོག་རྗེ་བཙུན་གྲགས་པས་མཛད་པའི་བདེ་མཆོག་ནག་པོ་ལུགས་དང་དེའི་ངག་འདོན་འཕགས་པས་མཛད་པའི་སྟེང་ནས་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། ཨ་བྷ་ཡཱ་ཀ་ར། སཱ་དྷུ་པུ་ཏྲ། ཤྲཱི་དྷ་ར། ས་མནྟ་ཤྲཱི། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ །རྭ་འབུམ་སེང༌། ཁམས་པ་ཤཱཀྱ་རྡོ་རྗེ། སློབ་དཔོན་སངས་རྒྱས་འབུམ། བླ་མ་འཕགས་པ་རིན་པོ་ཆེ། ལོ་མཆོག །བློ་ཆེན་སངས་རྒྱས་འབུམ། བདེ་བ་ཅན་པ་ཡེ་ཤེས་མགོན་པོ། བདེ་བ་ཅན་པ་