R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 159
[A:159]བཟད་པ་རིན་རྒྱལ་རྗེ། །དཀོན་མཆོག་རྒྱ་མཚོ་བསོད་ནམས་བཟང་པོ་དཔལ། །རྒྱལ་བ་རྒྱ་མཚོ་ཀུན་དགའ་རྣམ་རྒྱལ་ཞབས། །བྱིན་བརླབས་རྒྱ་མཚོ་རྣམ་རྒྱལ་རིན་ཆེན་མཆོག ། མཛད་བཟང་རྒྱ་མཚོ་ཤཱཀྱ་ཀུན་དགའ་དཔལ། །བསོད་ནམས་རྒྱ་མཚོ་ཡེ་ཤེས་དབང་པོར་གྲགས། །གསུང་རབ་རྒྱ་མཚོ་ཀུན་དགའ་བཀྲ་ཤིས་ཀྱིས། །དད་འདུན་རྒྱ་མཚོ་ཕྲིན་ལས་རྣམ་རྒྱལ་ལའོ། །ཡང༌། ས་པཎ། འཕགས་པ། ཉན་ཆེན་པ། དཔལ་ལྡན་སེང་གེ ། བྱང་སེང་པ། ལུང་རིགས་རྒྱ་མཚོ། མཁན་ཆེན་སེང་གེ་དཔལ། ཞེས་འཕགས་པ་མན་འདི་བཞིན་བྲག་ཐོག་གསན་ཡིག་ན་མེད་པར་བརྟག་གོ །དེས་ན་ས་སྐྱ་པཎྜི་ཏ། རིན་ཆེན་སྐྱོབ་པ་དཔལ། རྒྱལ་ཚ་ཆོས་དབང༌། ལོ་མཆོག །བློ་ཆེན། བླ་མ་ཡེ་ཤེས་མགོན་པོ། བླ་མ་དར་མ་བཟང་པོ། གྲགས་ཆེན་པ། སྤང་ཁང་པ། སློབ་དཔོན་རིན་ཆེན་བརྩོན་འགྲུས། རྗེ་བྱང་སེང་པ། བཀྲས་རིན་པ། དེ་གཉིས་ཀ་ལ་མཁན་ཆེན་སེང་གེ་དཔལ། བྲག་ཐོག་པ་བསོད་ནམས་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་མན་གོང་བཞིན་ནོ། ། ཡང་ན། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཏི་ལོ་པ། ནཱ་རོ་པ། རྡོ་རྗེ་གདན་པ། དྷ་བྱང་ཆུབ་སེམས་དཔའ། ཨ་བྷྱ་ཀ་ར། རཏྣ་རཀྵི་ཏ། ཛ་ཡ་སེ་ན། སུཾ་བྷ་ལོ་ཙཱ་བ། མཁས་པ་ས་མུ་ཏྲ༑ སེང་གེ་རྒྱལ་མཚན། ལོ་ཙཱ་བ་གྲགས་རྒྱལ། དཔལ་མཆོག་རྒྱ་ཐམས་ཅད་མཁྱེན་པ། སྲིན་པོ་རི་པ། སྒྲག་སྟོན་པ་རྡོ་རྗེ་དཔལ། འཚུར་ཕུ་བ་ཚུལ་རིན། ཆོས་རྗེ་རང་བྱུང་རྡོ་རྗེ། ཡོར་པ་ཡེ་ཤེས་དཔལ། སེང་གེ་དཔལ་ལོ། །ཡང༌། རང་བྱུང་པ། སྙེ་མདོ་ཀུན་དགའ་དོན་གྲུབ། བླ་མ་བསོད་ནམས་འོད་ཟེར། བླ་མ་བག་སྟོན། བླ་མ་ཚུལ་རྒྱལ། བླ་མ་བདེ་ལེགས་པ། དེ་ལ་རིན་པོ་ཆེ་བསོད་བཟང་པ་དང༌། གནས་རྙིང་མཁན་ཆེན་རིན་ཆེན་རྒྱལ་མཚན་གཉིས་ཀྱིས་གསན། དེ་གཉིས་ཀ་ལ་མཁན་ཆེན་སེང་དཔལ་ལོ། །རྡོ་རྗེ་འཆང༌། ཕྱག་རྡོར། པདྨ་བཛྲ་ཆེ་ཆུང་གཉིས། ཨིནྡྲ་བྷཱུ་ཏི། ལྕམ་ལེགས་སྨིན་ཀ་ར། ཏི་ལོ་པ། ནཱ་