R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 169
[A:169]སེང་གེ །པཎ་ཆེན་ནམ་མཁའ་དཔལ་བཟང༌། རྗེ་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། དེས་བདག་གོ ། ཡང་ན། ཆག་ལོ། རྒྱལ་མཚན་དགེ་བ། ཤོང་བློ་བརྟན། ལོ་མཆོག །དཔལ་ལྡན་སེང་གེ། བུ་སྟོན་ཐམས་ཅད་མཁྱེན་པ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། ས་བཟང་འཕགས་པ། ངོར་ཆེན་མན་འདྲའོ། །གཤིན་རྗེ་གཤེད་དམར་པོ་ལྷ་བཅུ་གསུམ་མའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ། མངོན་རྟོགས་འཕགས་པ། དཀྱིལ་ཆོག་བདུད་རྩི་རོལ་མཚོ་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། གཤིན་རྗེ་གཤེད། བིརྺ་པ། སློབ་དཔོན་དཔལ་འཛིན། ཨ་ནུ་པ་མ་རཀྵི་ཏ། རཏྣ་ཨཱ་ཀ་ར་ཤཱནྟི་པ། རྡོ་རྗེ་གདན་པ། བིཀྵ་ཏ་དེ་བ། ཤཱཀྱ་ཤྲཱི་བྷ་ཏྲ། དཱ་ན་ཤཱི་ལ། གཡག་སྡེ་ལོ་ཙཱ་བ། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ །བླ་མ་དམ་པ་བསོད་ནམས་རྒྱལ་མཚན། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། བྲག་ཐོག་པ་ཆེན་པོ། རྡོ་རྗེ་གདན་པ་ཆེན་པོ། འཇམ་དབྱངས་བྱང་ཆུབ་དབང་རྒྱལ། དཔལ་ཤཱཀྱ་ཀུན་དགའ། རྗེ་དབང་ཕྱུག་རྒྱལ་མཚནརྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། དེས་བདག་གོ །ཡང་ན། རྡོ་རྗེ་གདན་པ། ལྕང་ལོ་ཅན་པ། བྱང་དབང་ངོ༌། །ཡང༌། རྡོ་རྗེ་འཆང༌། དཔལ་འཛིན། བྷི་ར་ཌི་པ། མ་ཏི་པ༑ ནིཥྐ་ལམ་ཀ་པ། རེ་བེནྡྲ། ཆག་ལོ། གཡུང་ཕུག་པ། ཤོང་བློ་བརྟན། ལོ་མཆོག ། དཔལ་ལྡན་སེང་གེ །ཐོག་སྟོན་ཆོས་ཀྱི་མངའ་བདག །ཆོས་སྒོ་བའོ། །ཡང༌། ལོ་མཆོག ། གཞོན་ཚུལ་བ། ཤེར་རྡོར། ཡང༌། གཡག་སྡེ་ལོ་ཙཱ་བ། གཞོན་ཚུལ་ལོ། །ཡང༌། དཱ་ན་ཤཱི་ལ༑ མཁན་ཆེན་བསོད་ནམས་སེང་གེ །མངའ་རིས་པ་སངས་རྒྱས་ཡེ་ཤེས། བུ་སྟོན་རིན་པོ་ཆེ། ཐུགས་སྲས་རིན་རྣམ། བཟད་རིན། བྲག་ཐོག་གོ །ཡང༌། ཆག་ལོ། རྒྱལ་མཚན་དགེ་བ། སྤང་བློ་བརྟན། ལོ་མཆོག །དཔལ་ལྡན་སེང་གེ །བུ་སྟོན། ཡང༌། རཏྣ་