R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 170
[A:170]ཨཱ་ཀ་ར་ཤཱནྟི། ཆོས་འབྱུང་ཞི་བ། རྣམ་པར་གྲགས་པའི་དཔལ། ཤཱཀྱ་ཤྲཱིའོ། ༈ གཤིན་རྗེ་གཤེད་ནག་པོ་གདོང་དྲུག་ལྷ་ཉེར་གཅིག་གི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་མངོན་རྟོགས་ཐེག་ཆེན་ཆོས་རྗེ། དཀྱིལ་ཆོག་བདུད་རྩི་རོལ་མཚོ་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ནག་པོ་པ། བྷ་ད་པ། དྷ་མ་པ། དེ་བ་པ། ཛེ་ཏ་རི། ཨནཾ་བ་བཛྲ། དྷ་མ་ཨགྒ་ཤ་མ་ཏི། བལ་པོ་ཐུགས་རྗེ་ཆེན་པོ༑ རྭ་རྡོ་རྗེ་གྲགས། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ །རྭ་འབུམ་སེང༌། རྗེ་བཙུན་རྒྭ་ལོ། རོང་པ་ཤེར་སེང༌། དཔལ་ལྡན་སེང་གེ །བུ་སྟོན། རིན་ཆེན་རྣམ་རྒྱལ། སྐུ་ཞང་ནམ་མཁའི་མཚན། རིན་ཆེན་དཔལ་གྲུབ། མཁྱེན་རབ་རྗེ། རིག་འཛིན་རྒྱལ་པོ། ཆོས་རིག་རྒྱལ་མཚན། བསོད་ནམས་དཔལ་འབྱོར། བྱང་གླིང་རིན་ཆེན་རྒྱལ་མཚན། ནམ་མཁའ་དཔལ་བཟང༌། ནམ་མཁའ་སངས་རྒྱས། བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། དེས་བདག་གོ །གཤིན་རྗེ་དམར་ནག་ཀུན་བདུད་རྩི་རོལ་མཚོ་ལ་འདོན་པ་བསྒྱུར་ནའང༌། རྡོ་རྗེའི་བརྟུལ་ཞུགས་ལ། ཁམས་གསུམ་པ་ཡི་རལ་གྲི་ཆེ། །སངས་རྒྱས་ཀུན་གྱིས་ཕྱག་བྱས་པ། །སོགས་ལ་དབང་རྫས་རྡོ་རྗེ་ཁོ་ན་ཡིན་རུང་དབྱུག་པ་ཆེ་ཐོ་བ་ཆེ་ཞེས་དབྱུག་པ་དང་ཐོ་བ་འཛིན་པའམ་ཕྱག་རྒྱ་བྱེད་པ་ནི་འཁྲུལ་པ་ཁོ་ན་ཨ་ཕའི་ཞལ་ཤུལ་གཙང་མའི་དཔེའོ། ། ༈ བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་རོ་ལངས་བརྒྱད་བསྐོར་མལ་ལོ་བློ་གྲོས་གྲགས་པའི་ལུགས་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ། འཕགས་པ་རིན་པོ་ཆེའི་མངོན་དཀྱིལ་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད། ཕྱག་ན་རྡོ་རྗེ། ཡེ་ཤེས་ཀྱི་ཌཱ་ཀི་མ། ལ་ལི་ཏ་བཛྲ། ཨ་མོ་གྷ་བཛྲ། པདྨ་བཛྲ། ཁ་ཆེ་སྦས་པའི་དཔལ། པདྨ་བཛྲ། སུ་མ་ཏི་ཀཱིརྟི། མལ་གྱོ་བློ་གྲོས་གྲགས་པ།