R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 172
[A:172]གཉིས། སྐྱོ་འོད་ཀྱི་འབྱུང་གནས། རྩངས་ཡང་དག་འབར། རྩངས་ཡང་དག་རྡོ་རྗེ། རྔོག་རྡོ་རྗེ་རྒྱལ་པོ། ཟེ་བ་དོན་གྲུབ་སེང་གེ །ཁམས་པ་ཤཱཀྱ་རྡོ་རྗེ། དབུས་པ་སངས་རྒྱས་འབུམ། ཆོས་རྒྱལ་འཕགས་པ། ཞང་སྟོན་རིན་ཆེན་དཔལ། བླ་མ་བསོད་ནམས་འབུམ། བླ་མ་གཞོན་ཚུལ་བ། ས་བཟངས་པཎ་ཆེན། ས་བཟངས་འཕགས་པ། འདན་སྟོན་པུ་ཎྱ་ཛྙཱ་ན། བླ་མ་དཔལ་ལྡན་ལེགས་དབང༌། བྲག་ཐོག་ཆོས་རྗེ། རྡོ་རྗེ་གདན་པ་ཆེན་པོ། བླ་མ་བསོད་ནམས་མཆོག་ལྡན། སྔགས་འཆང་ཚེ་དབང་བཀྲ་ཤིས། བླ་མ་ཨུ་རྒྱན་རྒྱལ་པོརྗེ་དབང་ཕྱུག་རྒྱལ་མཚནརྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། དེས་བདག་གོ ། འདི་མཁྱེན་པའི་རྩེ་མོའི་གསན་ཡིག་ལྟར་ཡིན་ལ། ཆོས་ཉིད་ཕོ་བྲང་གསན་ཡིག་ན། བསོད་མཆོག་ཚབ་ཏུ། ཡོན་ཏན་རྒྱ་མཚོ་འདུག་གོ །བརྒྱུད་སྲོལ་གཅིག་ལ། སྐྱོ་འོད་འབྱུང༌། སྐྱོ་འཇམ་དཔལ། སྐྱོ་པདྨ། སྐྱོ་ཁམས་ལུང་པ། གཉན་འོད་སྲུང༌། གཉན་ཆོས་རྒྱལ། བླ་མ་འཕགས་པ། བློ་ཆེན་པ། བླ་མ་གཞོན་ཚུལ་ལོ། ། ༈ བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མ་རྭ་ལོ་རྡོ་རྗེ་གྲགས་པའི་མན་ངག་གི་དཀྱིལ་འཁོར་ཞེས་པའི་མངོན་དཀྱིལ་རྭ་ལོ་ཉིད་ལ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པའི་ལྷན་ཐབས་འཇིགས་བྱེད་སྤྱི་ལ་མཁོ་བ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོར་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད། ཡེ་ཤེས་ཀྱི་མཁའ་འགྲོ་མ། སློབ་དཔོན་ལ་ལི་ཏ་བཛྲ། ཨ་མོ་གྷ་བཛྲ། ཨཱ་ནནྟ་བཛྲ། ཡེ་ཤེས་འབྱུང་གནས་སྦས་པ། པདྨ་བཛྲ། དཱི་པཾ་ཀ་ར། རྭ་རྡོ་རྗེ་གྲགས། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ །རྭ་འབུམ་སེང༌། བླ་མ་དབུས་པ་དབང་ཕྱུག་གྲགས། ལྡོང་སྟོན་ཤེས་རབ་དཔལ། འགྲོ་མགོན་ཆོས་རྒྱལ་འཕགས་པ། ཤར་པ་རྒྱལ་མཚན་བཟང་པོ། གུ་སྒོ་རུམ་པ་དཀོན་མཆོག་རྒྱལ་མཚན། བླ་མ་ཚུལ་རྒྱལ་བ། བླ་མ་