R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 173
[A:173]བསོད་ནམས་རྒྱལ་མཚན། མཁན་ཆེན་སེང་གེ་དཔལ་བ། བྲག་ཐོག་པ་བསོད་ནམས་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ། བླ་མ་བསོད་ནམས་མཆོག་ལྡན། བླ་མ་ཚེ་དབང་བཀྲ་ཤིས། བླ་མ་ཨུ་རྒྱན་རྒྱལ་པོ། ཆོས་རྗེ་བསོད་ནམས་རྒྱལ་པོ། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས
རྗེ་རིན་ཆེན་རྒྱ་མཚོ། བླ་མ་ཀུན་དགའ་བསམ་འགྲུབ། བྱམས་པ་བསྟན་པ་རྒྱ་མཚོ། བླ་མ་རྣམ་རྒྱལ་ཡར་འཕེལ། མཁན་ཆེན་ཆོས་དབང་རྒྱ་མཚོ། བླ་མ་རྣམ་རྒྱལ་རྒྱ་མཚོ། ཆོས་རྗེ་དཀོན་མཆོག་སྦྱིན། བཀའ་དྲིན་བསྟན་འཛིན་ཚུལ་ཁྲིམས། དེས་བདག་ངག་མིང་ལའོ། །
དེས་བདག་གོ །ཡང༌། རྭ་འབུམ་སེང༌། བླ་ཆེན་རོང་པ་རྒྭ་ལོ། བླ་མ་ཤེས་རབ་སེང་གེ །བག་སྟོན་གཞོན་ནུ་ཚུལ་ཁྲིམས། བག་སྟོན་ཚུལ་ཁྲིམས་རྒྱལ་པོ། ཀུན་མཁྱེན་བདེ་ལེགས་དཔལ། གཉག་དབོན་ཆོས་རྗེ། མཁན་ཆེན་སེང་གེ་དཔལ་ལོ། །ཡང༌། བག་སྟོན་གཞོན་ཚུལ། ཁྱུང་རི་པ། རྗེ་བཙུན་སེང་གེ ༑ཡང༌། རྭ་འབུམ་སེང༌། རྗེ་བཙུན་རྒྭ་ལོ། བླ་མ་བྱང་ཆུབ་དར། འཛམ་གླིང་པཎྜི་ཏ། བླ་མ་ཨ་མོ་གྷ་པ། བཟད་རིན། བྲག་ཐོག་པའོ། །ཡང༌། རྭ་ཆོས་རབ། དཀོན་མཆོག་སེང་གེ །ཤེས་རབ་རྒྱལ་མཚན། བག་སྟོན་ཀུན་དགའ་རྒྱལ་མཚན། བླ་མ་ཆོས་གྲགས། བླ་མ་རྒྱལ་མཚན་དཔལ། མཁན་ཆེན་སེང་གེ་དཔལ་ལོ། །ཡང༌། རྭ་ཡེ་ཤེས་སེང་གེ །རྭ་དྷརྨ་སེང་གེ །རྭ་དཀོན་མཆོག་སེང་གེ །རྭ་ཤེས་རབ་རྒྱལ་མཚན། རྒྱ་སྟོན་དབང་ཕྱུག་རྒྱལ་མཚན། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས། བླ་མ་ཡོན་ཏན་འབུམ། བླ་མ་སངས་རྒྱས་སྐྱབས། བླ་མ་རྒྱལ་མཚན་ཚུལ་ཁྲིམས། བྲག་ཐོག་པའོ། །འདི་ལ་མཁས་པ་དག ། གཙོ་བོ་རྡོ་རྗེ་འཇིགས་བྱེད་ལ་དགྲ་ནག་གི་འཁོར་བཅུག་པ་ནི། རྭ་ལོའི་རང་བཟོ་ཞེས་གསུང་བ་མི་འཐད་དེ། སློབ་དཔོན་བུདྡྷ་རཀྵི་ཏའི་རྒྱ་གཞུང་དང༌། འཇིགས་བྱེད་ཀྱི་ལས་མཐའ་རྣམས་ན་གཏི་མུག་གཤིན་རྗེ་གཤེད་སོགས་གསལ་བར་བཤད་པའི་ཕྱིར་རོ། །རོ་ལངས་བརྒྱད་བསྐོར་གྱི་དཀྱིལ་ཆོག་ཨ་མོ་གྷ་བཛྲས་མཛད་པ་ལས། དབུས་ལྟེ་བ་ཟླུམ་པོ་