R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 179
[A:179]འཁོར་ལ་རྡོ་རྗེ་སེམས་དཔའ་ལྷ་ལྔ། ལྷོ་ནུབ་ཏུ་པདྨའི་དཀྱིལ་འཁོར་ལ་པདྨའི་སེམས་དཔའ་ལྷ་ལྔ། ནུབ་བྱང་དུ་ནམ་མཁའི་དཀྱིལ་འཁོར་ལ་རིན་ཆེན་སེམས་དཔའ་ལྷ་ལྔ། བྱང་ཤར་དུ་ཨུཏྤ་ལའི་དཀྱིལ་འཁོར་ལ་རྡོ་རྗེ་ལས་ལྷ་ལྔ། གཞི་དཀྱིལ་ནང་མའི་གྲྭ་བཞིར་འབྱུང་བཞིའི་ལྷ་བཞི། གཞི་དཀྱིལ་ཕྱི་མའི་གྲྭ་བཞིར་མཆོད་ལྷ་ཉི་ཤུ། སྒོ་བཞིར་སྒོ་བ་ཉི་ཤུ༑ འཇིག་རྟེན་པ་བཞི་བཅུ་ཞེ་དྲུག །སྐལ་བཟང་དགུ་བརྒྱ་དགུ་བཅུ་གོ་དྲུག་དང་བཅས་པའི་དཀྱིལ་འཁོར་དུ། དཀྱིལ་འཁོར་སོ་སོར་འཇུག་པའི་དབང་བསྐུར་བ་རྒྱས་པར་ཐོབ་པའི་བརྒྱུད་པ་ནི། ཤཱཀྱ་ཐུབ་པ། གང་ག་དྷ་ར། ཁ་ཆེ་ཛྙཱ་ན་ཤྲཱི། གཉལ་པ་ཉི་མ་ཤེས་རབ། སྣུར་ཉི་མ་འོད་ཟེར། བླ་མ་ཤཱཀྱ་འབུམ། ཁྲི་བརྟན། བསོད་ནམས་བཟང་པོ། བླ་མ་གྲགས་ཆེན། ཀུན་མཁྱེན་འཕགས་འོད་ཡོན་ཏན་རྒྱ་མཚོ། བུ་སྟོན་རིན་པོ་ཆེ། ཡང་ན། ཡང་དག་པར་རྫོགས་པའི་སངས་རྒྱས། བཛྲ་གརྦྷ། པྲ་ཀཱ་ཤ་ཙནྡྲ། རཱ་ཧུ་ལ་བྷ་དྲ། ཨཱ་ནནྟ་གརྦྷ། ཝཱ་གཱྀ་ཤྭ་ར་ཀཱིརྟི། ཨཀྵོ་བྷྱ་བཛྲ། བ་མནྟ་པ། རཏྣ་ཨཱ་ཀ་ར་ཤཱནྟི། བྲམ་ཟེ་ཀ་ར་ཝ་ཏི། ཤྲདྡྷ་ཀ་ར་ཝརྨ། ལོ་ཆེན་རིན་ཆེན་བཟང་པོ། ལོ་ཆུང་ལེགས་པའི་ཤེས་རབ། ཤངས་ཀྱི་སུམ་སྟོན་ཡེ་འབར། གཉན་སྟོན་ཚུལ་ཁྲིམས་འབར། ཐོད་པ་དབེན་ཚ་གྲགས་དང༌། ཇོ་ཕུར་གཉིས་ལ་མཁས་པ་འོད་ཟེར་གྲགས། རོང་པ་ཆོས་མགོན། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་པ། བུ་སྟོན་རིན་པོ་ཆེའོ། །ཡང་ན། སངས་རྒྱས། རྡོར་སྙིང༌། ཨིནྡྲ་བྷཱུ་ཏི་ཆེ་བ། བྷི་ན་ཤྲཱི། ཨིནྡྲ་བྷཱུ་ཏི་བར་པ། ལྕམ་ལཀྵྨི་ཀ་ར། པདྨ་བཛྲ། སློབ་དཔོན་ཀླུ་སྒྲུབ། ཨཱརྱ་དེ་བ། ནཱ་ག་བོ་དྷི། དགེ་སློང་ཨ་མོ་གྷ་པཱ་ཤ །རྣལ་འབྱོར་མ་ཀ་མ་ལ་བི་ཏ། བདེ་བའི་རྡོ་རྗེ། བྲི་ཀ་ར་རྡོ་རྗེ་ཝ་ཏི། རིན་ཆེན་རྡོ་རྗེ། ཁ་ཆེ་ཛྙཱ་ན་ཤྲཱི། ཟངས་དཀར་ལོ་ཙཱ་བ། སུམ་སྟོན་ཡེ་ཤེས་འབར། ཡང་ན། བདེ་བའི་རྡོ་རྗེ། དཔའ་བོ་རྡོ་རྗེ། ཤྲདྡྷ་ཀ་ར་ཝརྨ་ནས་གོང་བཞིན་ནོ། །དེ་ལྟར་བླ་མ་དཔལ་ལྡན་སེང་གེ །བུ་སྟོན་རིན་ཆེན་