R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 180
[A:180]གྲུབ། དེ་ལྟར་རྒྱུན་ཐམས་ཅད་འདུས་པ་བུ་སྟོན་ལ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། རིན་པོ་ཆེ་གྲགས་པ་རྒྱལ་མཚན། སློབ་དཔོན་ཡེ་ཤེས་རྒྱ་མཚོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ། མཁས་གྲུབ་རྣམ་རྒྱལ་རིན་ཆེནཡོངས་འཛིན་ཤཱཀྱ་ཀུན་དགའརྗེ་དབང་ཕྱུག་རྒྱལ་མཚན། རྡོ་རྗེ་སེམས་དཔའ་བསོད་ནམས་མཆོག་ལྡན།
ཀུན་དགའ་བཀྲ་ཤིས། རིན་ཆེན་བཟང་པོ་གཉིས་ཀྱིས་གསན། རྡོ་རྗེ་འཆང་རིན་ཆེན་རྒྱ་མཚོ། དེ་གཉིས་ཀ་ལ། བླ་མ་ཀུན་དགའ་བསམ་འགྲུབ། མཚུངས་མེད་བློ་གྲོས་དབང་ཕྱུག །མཁན་ཆེན་ཆོས་དབང་རྒྱ་མཚོ། གྲྭ་ཐང་སྙན་མཁར་སློབ་དཔོན། ཀུན་དགའ་ཆོས་དར། བཀའ་དྲིན་མཚུངས་མེད་བསྟན་འཛིན་ཚུལ་ཁྲིམས། དེས་བདག་ཤཱི་ལ་དྷྭ་ཛ་ལའོ། །
དེས་ཕྲིན་ལས་པའོ། །འདི་ལ་གསན་ཡིག་འགའ་ལས་བརྒྱུད་པ་གཞན་འདུག་པ་རྣམས་ནི་དབང་གི་བརྒྱུད་པ་མ་ཡིན། བཤད་པའི་བརྒྱུད་པ་ཡིན་པར་བུའི་གསན་ཡིག་ལས་གསལ་ལོ།། ༈ འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པའི་རྒྱལ་པོ་རྩ་བའི་རྒྱུད། རྒྱུད་ཕྱི་མ་དང་བཅས་པ་ལས་དཀྱིལ་འཁོར་བཞི་བཅུ་ཞེ་དྲུག་གསུངས་པ་ལས། དུམ་བུ་གཉིས་པ་རྡོ་རྗེའི་རིགས་གཙོ་བོར་སྟོན་པ། ཁམས་གསུམ་ལས་རྣམ་པར་རྒྱལ་བ་རྩ་བའི་ལྷ་སུམ་ཅུ་སོ་བདུན། མཆོད་པའི་ལྷ་མོ་སོ་གཉིས། བསྐལ་བཟང་དགུ་བརྒྱ་དང་དགུ་བཅུ་རྩ་དྲུག ། ཕྱི་རོལ་རྡོ་རྗེའི་རིགས་བཞི་བཅུ་རྩ་བཞི་དང་བཅས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ། སློབ་དཔོན་ཡེ་ཤེས་རྒྱ་མཚོའི་ངག་འདོན་ལ། ཀུན་མཁྱེན་བུའི་དཀྱིལ་ཆོག་འཇིག་རྟེན་གསུམ་རྒྱལ་འབྱུང་བ་ནས་དབང་ཐོབ་པའི་བརྒྱུད་པ་ནི། སཾ་བྷོ་ག་ཀཱ་ཡ་བཻ་རོ་ཙ་ན། ནིརྨཱ་ཎ་ཀཱ་ཡ་བཛྲ་སཏྭ། བཛྲ་པཱ་ཎི། རཱ་ཛ་པྲ་ཀཱ་ཤ་ཙནྡྲ། རཱ་ཧུ་ལ། ཨཱ་ནནྟ་གརྦྷ། པྲཛྙཱ་ཝ་ལི་ཏ༑ དྷརྨ་པཱ་ལ། ལོ་ཆེན་རིན་ཆེན་བཟང་པོ། མང་ནང་པ་གུར་ཤིང་བརྩོན་འགྲུས་རྒྱལ་མཚན། གཉལ་པ་ཉི་མ་ཤེས་རབ། སྣུར་ཉི་མ་འོད་ཟེར། སྲས་བཛྲ་སིང་ཧ། གླན་ཆོས་འབྱུང༌། རྩ་སྐྱ་སྟོན་འབུམ། བླ་མ་ཁྲི་བརྟན། སྣུར་ཡེ་ཤེས་རྒྱལ་མཚན། སྣུར་ཆོས་