R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 183
[A:183] རིན་རྣམ། གྲགས་རྒྱལ། སློབ་དཔོན་ཡེ་ཤེས་རྒྱ་མཚོ། རྗེ་བཙུན་རྡོ་རྗེ་གདན་པ་ཆེན་པོའོ། །གཞན་ཡང་བརྒྱུད་སྲོལ་གཅིག་ལ། སངས་རྒྱས། ཕྱག་རྡོར། རབ་གསལ་ཟླ་བ། སྒྲ་གཅན་འཛིན། བ་ཏི་ཕ་ལ། ཡེ་ཤེས་རྡོ་རྗེ། པྲཛྙཱ་སིདྡྷི། ཀུན་དགའ་སྙིང་པོ། པྲཛྙཱ་ཝ་ལི་ཏ༑ ཇོ་བོ་རྗེ། གོ་མི་སྒོམ་ཆེན། ཀྱི་ནོར་ཛྙཱ་ན། གཉལ་པ་ཉི་ཤེ །སྣུར་ཉི། རྩ་སྐྱ་སྟོན་གྲགས། ཤཱཀྱ་འབུམ། འཛིམས་པ་རིན་ཤེས། ལོ་མཆོག་གོ །གཞན་ཡང་རྣམ་སྣང༌། ཛེ་ཏཱ་རི་པ། ཀུན་སྙིང༌། རབ་འབྱོར་སྐྱངས། ནཱ་ཡ་ཀ་པ། མཻ་ཏྲི་པ། རྡོ་རྗེ་གདན་པ། ནིསྐ་ལམ་ཀ །རེ་ཝནྡྲ། ཆག་ཆོས་རྗེ་དཔལ། གཡག་སྡེ་ལོ་ཙཱ་བ། ལོ་མཆོག །ཡང༌། རྡོ་རྗེ་སེམས་དཔའ། དཔེ་མེད་འཚོ། རིན་ཆེན་འབྱུང་གནས་ཞི་བ། བྷསྐར་དེ་བ། རྡོ་རྗེ་གདན་པ༑ བིཀྵཱ་ཏ་དེ་བ། གཡག་སྡེ་ལོ་ཙཱ་བ། ཡང་ན། དྷརྨ་པཱ་ལ། དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན། དོ་པ་སྒོམ་ཆེན། ཀྱི་ནོར་ཛྙཱ་ནའོ། །ཡང༌། སྣུར་ཉི། གཤེན་རྡོར་སེང༌། གླན་ཆོས་འབྱུང༌། གཏུམ་སྟོན་ཤཱཀྱ་འབུམ། འཛིམས་པ་རིན་ཆེན་ཤེས་རབ། ཡང་རྩེ་བ་རིན་ཆེན་སེང་གེ ། བུ་སྟོན་རིན་པོ་ཆེའོ། །ཡང༌། སྣུར་ཉི་ནས། རྩ་སྐྱ་སྟོན་གྲགས། གཏུམ་སྟོན་ཤཱཀྱ་འབུམ། འདི་རྣམས་ལའང༌། དྷརྨ་པཱ་ལ་ནས་བརྒྱུད་པ་ལ་སྟོད་ལུགས། ཤྲདྡྷ་ཀཱ་ར་སོགས་ནས་བརྒྱུད་པ་ལ་སྨད་ལུགས་ཞེས་གདགས་རུང་ཙམ་གསན་ཡིག་འགའ་ལས་སོ། ། འཕགས་འོད་ལས། བུ་སྟོན་ལ་བརྒྱུད་པ་ལ་སྟོད་ལུགས་སྨད་ལུགས་ཞེས་བགྲངས་འདུག་པ་བུའི་གསན་ཡིག་ན་ངེས་པ་རང་མི་འདུག་པས་སླར་དཔྱད་དོ། ། ༈ འཆི་བདག་འཇོམས་པ་རྡོ་རྗེའི་རིགས་ལྷ་བཅུ་གསུམ་གྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ། སློབ་དཔོན་ཡེ་ཤེས་རྒྱ་མཚོའི་ངག་འདོན། ཀུན་མཁྱེན་བུའི་དཀྱིལ་ཆོག་འཆི་མེད་གྲུབ་པ་ནས་དབང་ཐོབ་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། བཛྲ་པཱ་ཎི། པྲ་ཀ་ཤ་ཙནྡྲ། རཱ་ཧུ་ལ་བྷ་དྲ། ཨཱ་ནནྟ་གརྦྷ། པྲཛྙཱ་ཝ་ལི་ཏ། པྲཛྙཱ་བོ་དྷི། མུཀྟི་ཀོ་ཥ།