R102: རྗེ་བཙུན་ཆོས་ཀྱི་རྗེ་རྡོ་རྗེ་གདན་པ་ཆེན་པོ་ཇི་ལྟར་བྱོན་པའི་ལོ་རྒྱུས་མདོར་བསྡུས་པ།

  • Pagination (Witness A): 5b
[A:5b]འཁོར་ལོ་ཉིན་མཚན་ཁོར་ཡུག་ཏུ་བསྐོར་བར་མཛད་པ་འདི་ནི། ལྷུན་པོ་ཇི་སྲིད་དུ་གནས་པ་དེ་སྲིད་ཀྱི་བར་དུ་ཞབས་པད་བརྟན་པར་གྱུར་ཅིག གྲུབ་པ་བརྙེས་པའི་མཚན་མ་དང་ལོ་རྒྱུས་རྣམས་ནི་གསང་ཆེན་ཡིན་པས་གཞན་དུ་བལྟ་བར་བྱའོ། ཞེས་པའི་ལོ་རྒྱུས་མདོར་བསྡུས་པ་འདི་ནི། ས་སྐྱ་འཁོན་གྱི་གདུང་བརྒྱུད་བདག་ཆེན་བསོད་ནམས་རྒྱལ་མཚན་དཔལ་བཟང་པོས། ཉིད་ཀྱི་ལོ་རྒྱུས་བཤད་རྒྱུ་ཇི་ལྟར་ཡོད་པ་དེ་རྣམས་ཡི་གེར་འཁོད་པ་ཅིག་གྱིས་ཤིག་ཅེས་བཀའ་ནན་རིམ་པར་སྩལ་བ་ལ་བརྟེན་ནས། རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཉིད་ཀྱི་གདུལ་བྱ་རྣམས་ཀྱི་ཐ་ཆུང་དུ་གྱུར་པ་རྒྱའི་བཙུན་པ་གཞོན་ནུ་རྣམ་པར་རྒྱལ་བ་དབང་པོའི་སྡེ་ཞེས་བྱ་བས་ཡི་གེར་བཀོད་པ་འདི་རེ་ཤིག་རྫོགས་སོ།