R1028: དུས་འཁོར་བླ་མ་བརྒྱུད་པའི་རྣམ་ཐར་།

  • Pagination (Witness A): 50
[A:50]བ་བཟང་པོ་སྤྲུལ་པའི་རྒྱལ་པོ་དགུ་བཅུ་རྩ་དྲུག་གིས་བསྐོར་བ། ལྷ་དང་ལྷ་མ་ཡིན་དང་། མཁའ་འགྲོ་དང་མཁའ་འགྲོ་མ་ལ་སོགས་པའི་འཁོར་དཔག་ཏུ་མེད་པ་དང་བཅས་པ་རྫུ་འཕྲུལ་གྱིས་འོངས་ཏེ་བཅོམ་ལྡན་འདས་ལ་བསྐོར་བ་དང་། མཎྜལ་སྔོན་དུ་འགྲོ་བས་ཞབས་ཀྱི་པདྨ་ལ་རིན་པོ་ཆེའི་མེ་ཏོག་གིས་མཆོད་ཅིང་ཡང་དང་ཡང་དུ་ཕྱག་འཚལ་བའོ། །ཆོས་ཕུན་སུམ་ཚོགས་པ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པའི་དོན་དུ། དུས་ཀྱི་འཁོར་ལོའི་དབང་རྒྱུད་མན་ངག་སོགས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་རོ། །གཉིས་པ་ནི། རྒྱལ་པོ་ཟླ་བ་བཟང་པོས་ཤྲཱི་པ་ལར་བྱོན། མཆོག་གི་དང་པོའི་སངས་རྒྱས་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་བསྡུས་ཤིང་གླེགས་བམ་དུ་བྲིས། དེའི་འགྲེལ་པ་གནས་པའི་སྐལ་བ་དང་ལྡན་པ་རྣམས་ལ་དབང་བསྐུར་ཏེ་རྒྱུད་དང་མན་ངག་ལེགས་པར་བསྟན་པས་དེ་དག་གིས་ཀྱང་ཉན་ཅིང་ཀླགས་ཏེ་རང་གི་སེམས་ལ་བཟུང་ནས་གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་བསྟན། རྒྱུད་བསྟན་པའི་ལོ་གཉིས་པ་ལ་ཀ་ལ་པའི་ལྷོ་ཕྱོགས་མ་ལ་ཡའི་པའི་ནང་དུ་རིན་པོ་ཆེ་སྣ་ལྔའི་རང་བཞིན་གྱི་དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་སྲས་སའི་སྙིང་པོའི་སྤྲུལ་པ་ལྷ་དབང་སེངྒེའི་ཁྲི་ལ་ཆོས་སྟོན་པར་བཀོས་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་དེ་ཉིད་དུ་གཤེགས་སོ། །གསུམ་པ་ནི། ས་དུམ་བུ་བཅུ་གཉིས་སུ་བསྟན་པ་ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་གནས་ཤིང་། དེ་ལ་རྫོགས་ལྡན། གསུམ་ལྡན། གཉིས་ལྡན་རྣམས་ལྔ་སྟོང་བཞི་བརྒྱ་རེ་རེ་གསུངས། གླིང་བཅུ་གཉིས་རེ་རེར་སྟོང་བརྒྱད་བརྒྱ་རེ་གནས་པར་གསུངས་སོ། །བཞི་པ་ནི། ལྷ་དབང་