[A:5b]བསྐང༌།།
ཞལ་མཐོང་བའི་མོད་ལ་དད་པ་ཐོབ།།
གསུང་ཆོས་ཀྱི་འཁོར་ལོའི་སྒྲ་དབྱངས་ཐོས།།
རྗེ་བླ་མ་དེ་ཡི་རྣམ་ཐར་རྣམས།།
ཁོང་གོང་མ་རྒྱལ་པོའི་སྙན་དུ་གསོལ།།
ཡུལ་རྒྱལ་ནག་སྐུ་ཡི་སྙན་པས་ཁྱབ།།
བོད་ཆོལ་ཁ་གསུམ་གྱི་རྒྱལ་ཁམས་ན།།
དམག་ཁྲི་བསྐོར་བཅུ་གསུམ་གྲགས་པའི་རྗེ།།
དཔའ་རླངས་ཆེན་ལྷ་གཟིགས་འཁོར་ལོ་བསྒྱུར།།
ཁོང་གོང་མ་ཆེན་པོས་བསྙེན་བཀུར་མཛད།།
སྐྱབས་སངས་རྒྱས་བསྟན་པའི་བདག་པོར་བསྔགས།།
lHa dbang kun dga' of Gongkar
སྲས་ཆོས་ཀྱི་རྒྱལ་པོ་མཁྱེན་ཡངས་ཅན།།
དཔལ་ལྷ་དབང་ཀུན་དགའི་ཞལ་སྔ་ནས།།
བཀའི་གཙུག་གིས་རྒྱན་དུ་རྟག་པར་བཀོད།།
ལྷ་རྡོ་རྗེ་འཆང་དུ་ཞལ་དངོས་གཟིགས།།
གསུང་སྩལ་བའི་གནས་རྣམས་ཐོགས་མེད་བསྒྲུབས།།
རྗེ་ཁོང་གི་བསྟན་པའི་སྦྱིན་བདག་གཙོ།།
ཐུགས་དགྱེས་པའི་བྱ་བས་ཉིན་མཚན་འདས།།
ཐུགས་དགོངས་པ་རྫོགས་པའི་ཕྱག་བཞེས་བསྐྱངས།།
ཕ་བླ་མ་དེ་ཡི་བྱིན་བརླབས་ཞུགས།།
མཁན་བོ་དྷི་སཏྭ་དབོན་རིགས་ཆེ།།
ཡུལ་འཕྱིང་བར་རྟགས་རྩེའི་ས་སྐྱོང་མཆོག།
ཞང་དྲུང་ཆེན་རྡོ་རྗེ་ཚེ་བརྟན་དྲུང༌།།
དབོན་ཡར་རྒྱབ་དཔོན་ཆེན་ཁུ་དབོན་སོགས།།
དཔལ་མི་དབང་གོང་མའི་བཀའ་བློན་གཙོ།།
མི་ཆེན་པོ་ཀུན་གྱི་བླ་མར་མཆོད།།
བོད་ཁྲིམས་ཀྱི་བདག་པོ་མི་ཡི་དབང༌།།
དཔལ་དོན་ཡོད་རྡོ་རྗེའི་ཞལ་མངའ་ནས།།
ཐུགས་གཏིང་ནས་དད་ཐོབ་རྣམ་པར་དཀར།།
ཆོས་སྦྱིན་པའི་བདག་པོ་ཆེན་པོ་མཛད།།
ཤར་བྱ་རྒྱལ་ཁྲི་དཔོན་ཆེན་པོ་ཡིས།།
ནང་གསང་སྔགས་དབང་བཞིའི་ཆུ་རྒྱུན་མནོས།།
དུས་ཡུན་གྱི་