R103: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོའི་རྣམ་པར་ཐར་པ་རིན་པོ་ཆེའི་འཕྲེང་པ།

  • Pagination (Witness A): 6a
[A:6a]སྦྱིན་བདག་བཀའ་བཞིན་བསྒྲུབས།། Past Lives སྟོད་མངའ་རིསལ་སྟོད་ལྷོ་བྱང་དུ།། དཔལ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི།། སྐུ་སྤྲུལ་པ་ཡིན་ཞེས་ཀུན་ལ་གྲགས།། དབུས་རུ་བཞི་ས་ཡི་སྙིང་པོ་ན།། འཁོན་འཇམ་དབྱངས་དྲུག་པ་ཆོས་ཀྱི་རྗེ།། མཁན་བོ་དྷི་སཏྭའི་སྐུ་ཡི་སྤྲུལ།། རྗེ་དཔལ་ལྡན་བླ་མ་ཡིན་པར་གྲགས།། སྔོན་སློབ་དཔོན་པདྨས་ལུང་བསྟན་པ།། ཁོང་སྣ་རྣམ་རྡོ་རྗེ་བདུད་འཇོམས་དེ།། ཡུལ་དབུས་གཙང་མཚམས་སུ་རྒྱལ་སྲིད་བཟུང༌།། མཚན་ཀུན་དགའ་ཞེས་བྱ་མངའ་འབངས་རྣམས།། སྐྱབས་དམ་པའི་ཆོས་ལ་ལེགས་པར་སྦྱར།། བདག་པདྨའི་བསྟན་པ་འཛིན་ཞེས་གསུངས།།
Passing away རྗེ་དེ་འདྲའི་བླ་མ་རིན་པོ་ཆེ།། ཐུགས་བཞེད་པའི་འཕྲིན་ལས་མཐར་སོན་ཏེ།། ལོ་མེ་འབྲུག་དྲུག་བཅུ་རྩ་ལྔའི་ཐོག། ཞིང་གཞན་གྱི་གདུལ་བྱ་མངོན་གཟིགས་ནས།། གླིང་འདི་རུ་སྐུ་ཡི་བཀོད་པ་བསྡུས།། གནམ་དགུང་སྔོན་འཇའ་འོད་མཆོད་སྤྲིན་འཁྲིགས།། སྟེང་གནས་གསུམ་མཁའ་འགྲོའི་ཚོགས་རྣམས་དང༌།། བསྟན་མངོན་པར་དགའ་བའི་ལྷ་རྣམས་ཀྱིས།། གནས་སྟེང་འོག་མེ་ཏོག་ཆར་གྱིས་བཀང༌།། སྤོས་དྲི་ཞིམ་སྙན་པའི་རོལ་མོའི་སྒྲ།། ཡུལ་སྟོད་སྨད་ཁྱབ་པའི་མཆོད་སྤྲིན་ཕུལ།། ལར་ཕྱོགས་བཅུའི་དགེ་འདུན་འདུས་པ་དང༌།། ཁོང་དད་ལྡན་སྐྱེ་བོ་དཔག་མེད་འདུས།། བློ་བདག་འཛིན་དོར་བའི་མཆོད་པའི་ཚོགས།། ལུས་ལོངས་སྤྱོད་མ་ཚང་མེད་པས་མཆོད།། ཕྱག་བསྐོར་བ་གསོལ་འདེབས་གདུང་ཤུགས་