[A:1b]Salutation
ཨོཾ་སྭསྟི་སིདྷཾསིདྡྷཾ།
གནས་མི་འགྱུར་རྡོ་རྗེ་གདན་པོ་ན།།
སྐྱབས་དུས་གསུམ་རྒྱལ་རྣམས་མཁྱེན་བརྩེའི་གཟུགས།།
རྐྱེན་གཞན་སྣང་ཀུན་མཁྱེན་ཆོས་ཀྱི་རྗེ།།
དཔལ་རྡོ་རྗེ་གདན་པའི་ཞབས་ལ་འདུད།།
Author's declaration (rTsom pa'i dam bca')
ཕ་ཐམས་ཅད་མཁྱེན་པ་ཆོས་ཀྱི་རྗེ།།
དཔལ་རྡོ་རྗེ་འཆང་དབང་བླ་མར་ཤར།།
མགོན་དེ་ཡི་རྣམ་ཐར་ནམ་མཁའི་ཁྱོན།
ཁོང་རྒྱལ་བས་བརྗོད་མཐའ་མི་ཟད་པ།།
བདག་ཚུར་མཐོང་བྱིས་པས་སྤོབས་མིན་ཡང༌།
ཁྱེད་དངོས་སློབ་ཆེ་བཙུན་ཕྲ་རགས་རྣམས།།
ཐུགས་མི་འཕྲོག་དང་རྐྱེན་གསལ་འདེབས་དང༌།།
གཞན་དད་ལྡན་ཚོགས་གཉིས་གསོག་པའི་ཕྱིར།།
གཏམ་སྙན་པའི་ངག་དབྱངས་མདོར་བསྡུས་འདི།།
སྙན་ཡངས་པའི་ལམ་དུ་མཆོད་པར་འབུལ།།
དོན་ཐུགས་ལ་ཆོངས་ལ་གསོལ་བ་ཐོབ།།
གནས་སྟོང་གསུམ་མི་འཇིག་འཇིག་རྟེན་ཁམས།།
མགོན་བསྐལ་བཟང་སངས་རྒྱས་བརྒྱ་ཕྲག་བཅུས།།
སྤྱིར་ཕྱག་མཚན་བཞེས་པའི་རྒྱལ་བའི་ཞིང༌།།
དུས་བཟང་ངན་འཕེལ་འགྲིབ་རྟེན་འབྲེལ་ཅན།།
ཞིང་དེ་ཡི་སྙིང་པོ་གླིང་བཞིའི་མཆོག།
ལྷོ་འཛམ་བུ་གླིང་གི་ཡུལ་ཁམས་འདི།།
དགོས་སྙིགས་མ་ལྔ་བདོའི་རྩོད་དུས་ཉིད།།
རྒྱལ་ཤཱཀྱའི་དབང་པོས་བདག་གིར་བཞེས།།
ལར་འདུལ་དཀའི་འཇིག་རྟེན་ཡོངས་སུ་འདུལ།།
ཆོས་ལུང་རྟོགས་ཉི་མ་ཐང་ཀར་བདལ།།
འཁོར་གདུལ་བྱའི་རེ་བ་རྫོགས་པའི་རྗེས།།
དབྱིངས་ཞི་བའི་ངང་དུ་མཉམ་པར་བཞག།
ཆོས་བསྟན་པའི་འོད་མདངས་ཡུན་