R103: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོའི་རྣམ་པར་ཐར་པ་རིན་པོ་ཆེའི་འཕྲེང་པ།

  • Pagination (Witness A): 2a
[A:2a]དུ་འབར།། བོད་བསྟན་པ་རྒྱས་པར་ལུང་ཡང་བསྟན།། མགོན་ཐུབ་དབང་བསྟན་པའི་སྙིགས་མ་ཡི།། དུས་ལྔ་བརྒྱའི་ཐ་མའི་བསྟན་པ་ལ།། དཔལ་ཟས་གཙང་སྲས་པོའི་རྣམ་ཐར་ཅན། ཁོངཐུ་བཙུན་རྡོ་རྗེ་གདན་པ་དེ།། ལར་བསམས་ཤིང་ཞིང་འདིར་འདི་ལྟར་བྱོན།། བོད་སྤུ་རྒྱལ་གདོང་དམར་རྒྱལ་ཁམས་སུ།། དཔལ་ཕྱག་ན་པད་མ་སྤྱན་རས་གཟིགས།། Family Lineage ཡུལ་མུན་པའི་གླིང་དུ་གློ་བུར་དུ།། ཁོང་བཙན་པོའི་རྒྱལ་པོར་མངོན་སྤྲུལ་པ།། ལྷ་སྲོང་བཙན་སྒམ་པོ་ཞེས་བྱ་བྱོན།། དཔལ་དམ་ཆོས་རིན་ཆེན་སྒྲོན་མེ་སྤར།། བྱང་མཐའ་ཁོབ་དུས་བཟང་དཔལ་ལ་སྦྱར།། ཁྲིམས་རྣམ་དག་དགེ་བཅུའི་བཀའ་རྟགས་བཏབ།། ཆོས་ཕྱི་ནང་གསང་བའི་བང་མཛོད་ཕྱེ།། རྒྱལ་དེ་ཡི་ནང་བློན་ཀུན་གྱི་གཙོ།། མགོན་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་མཆོག། ཁོང་སྐད་གཉིས་སྨྲ་བའི་ལོ་ཙཱ་བ།། བོད་ལོང་བའི་མིག་གྱུར་ཐོག་མ་པ།། དཔལ་ཐུ་མི་སམྦྷོ་ཊ་ཞེས་པའི།། མགོན་ལོ་ཆེན་དེ་ཡི་སྲས་ཀྱི་གཙོ།། ཐུ་མཧཱ་སཏྭ་ལ་སོགས་པ།། ལར་གྲུབ་བརྙེས་དུ་མའི་གདུང་བརྒྱུད་མཆོག། ཡུལ་ཡངས་པའི་རྒྱལ་ཁམས་དབང་བསྒྱུར་བའི།། མི་ཆེན་པོར་རྒྱ་ཧོར་བོད་རྗེ་ཡི།། ལུང་ལག་རྟགས་འཛིན་པའི་རྒྱལ་རིགས་ཆེ།། ཤིང་ས་ལ་ལྟ་བུའི་རིགས་ལ་དགོངས།།
Birth at rGyal chen gling ཡུལ་རིག་པའི་འབྱུང་གནས་གཡོན་རུ་གྲྭ།། ཟོང་འདོད་དགུ་ཚང་བའི་སྙིང་པོ་མཆོག། དཔལ་རྒྱལ་ཆེན་གླིང་གི་ཕོ་བྲང་དུ།། སྔོན་དམ་པ་