R104: དཔལ་ལྡན་གསང་ཕུའི་གདན་རབས་གསལ་བའི་མེ་ལོང་།

  • Pagination (Witness A): ༡༢ན
[A:༡༢ན]ནི་བྱིས་པའི་དུས་ནས་ཆོས་ཐམས་ཅད་ལན་རེ་གཟིགས་པ་ཙམ་གིས་མཁྱེན་པས་ཀུན་མཁྱེན་དུ་གྲགས་ཞིང་། གཟད་རིངས་དང་ས་སྐྱ་པཎྜི་ཏ་ལ་མངོན་པ་དང་། སྒྲ་ཚད། སྙན་ངག་སྡེབ་སྦྱོར་སོགས་དང་། ཁ་ཆེ་སམ་བསམ་གྷ་ཤྲི་ལ་ཀ་ཙན་་རྩན་ལ་སོགས་པ་གསན། གྲུབ་ཁང་དུ་འཇམ་གསར་བ་ལ་དུས་འཁོར་དབང་གསན་པའི་ཚེ་བླ་མ་རྡོ་རྗེ་ཤུགས་དངོས་སུ་གཟིགས། ཡེ་ཤེས་བབ་དུས་སམ་ཀྲི་ཏའི་སྐད་ཐོགས་མེད་དུ་བྱུང་ཞེས་ཁ་ཆེ་པཎ་ཆེན་གསང་འདུས་ལ་མཁས་པའི་བག་ཆགས་སད་པར་འདུག་གསུང་ཉིན་མཚན་གྱི་སྣང་བ་མཐའ་དག་འོད་གསལ་ཁོ་ནར་འཆར་བས་འཕགས་ཕགས་པ་རིན་ཆོ་ཆེེས་ཆོས་སྐུ་འོད་ཟེར་དུ་མཚན་གསོལ་ལོ། སྐྱེལ་ནག་གྲགས་སེང་ནི་སྣར་ཐང་དུ་བཤད་པ་མཛད་པར་སྐྱི་སྟོན་གྲགས་འབུམ་དང་། ཆུ་མིག་པ་སེང་གེ་དཔལ་དང་། བཅོམ་ལྡན་རིག་རལ་ལ་སོགས་པ་མཁས་པ་མང་དུ་ཐོན་ལ། དེ་ཡང་རིག་རལ་ནི་མི་གཡོ་བའི་བསྙེན་པ་དུང་ཕྱུར་བཅུ་གསུམ་སྐྱལ་བས་ཤེས་རབ་ཀྱི་ནམ་ལངས། ཞལ་བཞི་པས་ཞབས་ཏོག་བསྒྲུབས་ཏེ་བཤད་པ་མཛད་པས་མཁས་པ་ཆེན་པོ་འཇམ་དཔལ་དབྱངས་ལ་སོགས་པ་སློབ་མ་ཤིན་ཏུ་མང་ཞིང་སྡེ་སྣོད་འཛིན་པའི་གསུམ་གཉིས་སྣར་ཐང་དུ་འདུས་པར་གྲགས་ལ་བསྟན་བཅོས་ཀྱང་པོ་ཏི་བཅུ་དྲུག་ཙམ་རྩམ་མཛད། བདེ་བར་གཤེགས་བཤེགས་པའི་བཀའ་དང་བསྟན་བཅོས་རྣམས་ཀྱང་བམ་ཚད་འགྱུར་བྱང་ལ་སོགས་པ་སོ་སོར་ཕྱེ་ནས་ཚན་ཚན་དུ་བསྡུ་བའི་བསྟན་བཅོས་བསྟན་པ་རྒྱས་པ་བྱ་བའང་མཛད་དོ། བཅོམ་ལྡན་རིག་པའི་རལ་གྲི་དྲི་དང་བཙུན་བརྩུན་པ་འཇམ་དབྱངས་གཉིས་ཀའིི