[A:༡༡བ]བྱིས་པའི་དུས་ནས་གཙང་ནག་པའི་འགྲེལ་པ་ལ་སློབ་གཉེར་བྱས། སྐབས་ཞིག་ན་ཤིག་ནད་དྲག་པོ་བྱུང་བ་ལ་གནལ་ཡོ་མ་ཟློག་པར་བཟླས་པ་མཛད་པས་བསྐྱེད་རིམ་བརྟན་པར་གྱུར་ཏེ་ཡི་དམ་གྱི་ཞལ་གཟིགས། དེ་ནས་དམྱལ་ཞིག་ལ་དབུ་ཚད་ཕར་ཕྱིན་རྣམས་གསན་བགྲོ་སྒྲོས་གླེང་མཛད་པས་ཐམས་ཅད་ལས་རྒྱལ་ཡང་ཐུགས་མ་ཚིམ་པར་ལན་གཅིག་དམྱལ་ཞིག་ལ་རྣམ་ངེས་ཀྱི་ཆོས་ཐོན་པའི་རྗེས་སུ་དེ་ལྟར་བཞེད་པ་ལགས་སམ་ཞུས་པས། ཐུགས་རྒྱལ་བཞེངས་ནས་འདི་མ་སྐྱོངས་ན་དམྱལ་ཞིག་མིན་གསུང་བ་ལ། འདིས་མ་ཁོགས་ན་ང་གཙང་སྟོན་མིན་གསུངས་གསུང་ནས། ཉི་མ་གསུམ་གྱི་བར་དུ་བགྲོ་སྒྲོས་གླེང་མཛད་པས་འཇམ་གསར་རྒྱལ། དམྱལ་ཞིག་གིས་ཇ་བཟང་པོ་ཞོ་ཉི་ཤུའི་མང་བཀོལ་བྱས། དར་ཡུག་གཅིག་གནང་འདི་ལ་ང་འཇམ་དཔལ་དང་མཉམ་བསམ་པ་ཡོད་དེ། ང་བས་ཁྱེད་ཤེས་རབ་ཆེ་བར་འདུག་པས་འཇམ་དཔལ་རང་དུ་གདའ་འོ་གསུངས་པས་འཇམ་གསར་མར་གྲགས། དེ་ནས་ཐར་པ་གླིང་དུ་བྱོན། དམྱལ་པ་ཆོས་བཟང་ལ་ལོ་ཙཱ་ཚ་་བསླབས། འདོལ་ཆུང་དུ་དང་རྐྱང་ འདུར་བཞུགས་ནས་བཤད་པ་མཛད། ཀོ་བྲག་པ་ལ་ལམ་འབྲས་གསན་པས་རྡོ་རྗེ་ལུས་ཀྱི་རྩ་གནས་མངོན་སུམ་དུ་གཟིགས། འཇམ་དཔལ་དབྱངས་དང་མཇལ་འཇལ། ཕྱིས་རྒྱ་ནག་རི་བོ་རྩེ་ལྔར་ཐེག་ནས་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་པ་སོགས་རྣམ་ཐར་བསམ་གྱིས་མི་ཁྱབ་བོ། འདི་ལ་རྗེ་བཙུན་རྒ་ལོ་དང་ཀུན་མཁྱེན་ཆོས་སྐུ་འོད་ཟེར་ལ་སོགས་པ་སློབ་མ་མང་དུ་བྱུང་ཞིང་།
དེ་ཡང་ཆོས་སྐུ་འོད་ཟེར