R1128: དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་དཀའ་འགྲེལ་སྙིང་པོའི་དོན་རབ་ཏུ་གསལ་བའི་རྒྱན། པར་རྙིང་། མཇུག་བྱང་།

  • Pagination (Witness A): ༡༩༩ན
[A:༡༩༩ན]༄༅། ། འབྲས་བཟང་སྩོལ་བ་ལ།། པད་དཀར་འཆང་བ་གངས་ཅན་འཛིན་མ་འདིར།། རྒྱུད་དོན་མགྲིན་པའི་རྫ་རྔ་མཐོར་འདེགས་པའི།། གཞོན་ནུ་ཞེས་བྱའི་འདབ་བཟང་དབང་པོ་གང།། འགྲོ་འདིའི་བསོད་ནམས་ཟོང་གིས་རྙེད་པ་བཞིན།། དེ་གསུང་སྔོན་མེད་ལེགས་བཤད་པུཏྤལ་ཕྲེང།། མཛེས་མ་དྲི་མ་མེད་འོད་རྣ་ལུང་བརྒྱན།། རང་ཉིད་ལེགས་པར་འདོད་པའི་སྐྱེ་བོ་ཡི།། སྐལ་བཟང་མགྲིན་པར་འོས་པའི་དོ་ཤལ་བཞིན།། གང་དེར་ལྷ་མིའི་གཙུག་རྒྱན་ཆོས་ཀྱི་རྗེ།། སྤྱན་མངའ་ངག་གི་དབང་པོའི་མཁྱེན་ཅན་གྱི།། རྐང་དྲུག་ངོ་མཚར་དོག་པས་ཐུགས་བཅུགས་ཏེ།། དཔལ་མང་ལྡན་པའི་ཕོ་བྲང་རྒྱལ་བཟང་ཞེས།། ལུགས་གཉིས་འབྱོར་པའི་ནགས་ཀླུང་ཉམས་དགའ་བར།། འཐུནམཐུན་་རྐྱེན་འཆི་མེད་གང་ག་སྩོལ་བ་ལས།། རྒྱ་ལས་བགྲང་ཡས་འཕེལ་བའི་པདྨོ་ཡང།། ངོ་མཚར་འདབ་སྟོང་ལྡན་པ་ལེགས་འཁྲུངས་པ།། གང་འདིའི་ཡི་གེ་དང་པོའི་དགེ་བའི་བཤེས།། བསོད་ནམས་བཟང་པོར་བོད་པས་ལེགས་བསྒྲུབས་ཤིང།། བརྩོན་པས་པར་གྱི་གླེགས་བུ་ཡོངས་སྒྲུབ་པ།། འབྲོག་མི་རིན་ཆེན་རྒྱལ་མཚན་ཉིད་ཡིན་ནོ།། བརྐོས་ཀྱི་འདུ་བྱེད་བཀྲ་ཤིས་རྒྱལ་མཚན་ཏེ།། ནོར་བའི་རྙོག་པ་དང་བྱེད་ཆུ་འདང་གི།། ནོར་བུ་དགེ་སློང་བསམ་གྲུབ་གྲགས་ཤེས་བྱ།། དེ་དག་བརྩོན་པས་ཡོངས་སུ་གྲུབ་པ་ཡང།། བཞི་ལྡན་བཀྲ་ཤིས་ཀླུངས་ལྡན་ ཆུ་ཕོ་འབྲུག།། མྱོས་བྱེད་ལོ་ཁྱིམ་དབྱར་ཐའི་དུས་ལའོ།། དེ་ལས་རྣམ་དཀར་ཆ་ཤས་ཡོངས་རྫོགས་པའི།། དགེ་བ་དྲི་མེད་རྒྱུ་སྐར་བདག་པོའི་དཔལ།། འགྲོ་འདི་རྨོངས་པའི་མུན་ལས་རྒྱལ་བྱེད་ཅིང།། བླར་འོས་ཞབས་བཟང་ལྷུན་པོ་སྲིད་འདི་བརྟན།། དམ་ཆོས་ཉི་མ་ཟླ་བའི་སྣང་བ་རྒྱས།། རྫོགས་ལྡན་དུས་ལྟར་སྐྱེ་དགུ་དགེ་ཐོབ་ནས།། བཅུ་དྲུག་ཆ་རྫོགས་མི་འགྱུར་བདེ་བ་ཆེ།། རྣམ་ཀུན་མཆོག་ལྡན་ཨ་ཡིག་བཟང་མོ་དང།། ཟུང་འཇུག་དུས་ཀྱི་འཁོར་ལོའི་གོ་འཕང་ལ།། འགྲོ་བ་མ་ལུས་རེག་པ་ཐོབ་གྱུར་ཅིག།། ཡེ་དྷརྨཱ་ཧེ་ཏུ་པྲ་བྷཱ་བཱ་ཧེ་ཏུནྟེཥཱན་ཏ་ཐཱ་ག་ཏོ་ཧྱ་བ་དད། ཏེ་ཥཱ་ཉྩ་ཡོ་ནི་རོ་དྷ་ཨེ་བཾ་པཱ་དཱི་མཧཱ་ཤྲ་མ་ཎཿ །། ཤུབྟམསྟུསརྦཛགཏཾ།།