[A:༡༩༨བ]རྣམས་ཀྱི་ཡིད་ཀྱིས་གཞི་དག་ལ་ཕན་པའི་བྱ་བ་བྱེད་འགྱུར་རམ།། བྱིས་པ་ཅི་དགར་སྨྲ་བ་དག་ལ་མ་ཡིས་བཞིན་དུ་མཁས་པས་བཟོད་མཛད་དེ།། ཁྲོ་བ་མེད་ལྡན་འཛུམ་བར་བཅས་པའི་བཞིན་གྱིས་གསལ་ཞིང་དྲང་པོར་སྨྲ་བ་ཡིས།། བསམ་པ་དག་ལྡན་བདག་དང་སྐྱེ་བོ་གཞན་དག་ལ་ཡང་བློ་གྲོས་སྦྱིན་པ་དང།། དགེ་འདུན་རྣམས་ཀྱང་རྩེ་གཅིག་གྱུར་བའི་ཐུགས་ཀྱིས་བདུད་ཀྱི་འཚེ་བ་ཞི་གྱུར་ཅིག།། གང་གིས་བྱིན་གྱི་བརླབས་ལས་བདག་ལྟས་ཀྱང།། ཟབ་མོའི་རྒྱུ་ལ་ཅི་དགར་འཇུག་བྱེད་པ།། ཐུགས་རྗེའི་དབང་གྱུར་བླ་མ་མཆོག་རྣམས་ཀྱིས།། ཉིན་བཞིན་བདག་ལ་གཟིགས་བར་མཛད་གྱུར་ཅིག།། བདུད་ཀྱིས་དབང་བྱས་མ་རུངས་སེམས་ཅན་རྣམས།། བསམ་པ་འཐུན་(མཐུན་)པས་དགེ་བའི་ལམ་འཇུག་ཅིང།། མཐུ་དང་ལྡན་པའིེ་སྲུངས་མ་དག་གིས་ཀྱང།། འགྲོ་བ་འདི་དག་ཀུན་ནས་སྐྱོང་གྱུར་ཅིག།། སྲིད་དང་སྲིད་པར་སྐྱེ་བ་མཆོག་གྱུར་དམ་པའི་བཤེས་གཉེན་གྱིས།། ཉེ་བར་གཟུང་སྟེ་ཉམས་པ་མེད་པའི་ཕུན་ཚོགས་བརྟུལ་ཞུགས་དང།། རྩེ་གཅིག་ཡིད་ཀྱིས་དེ་ཉིད་བསྒོམས་ལས་རྡོ་རྗེ་འཛིན་པའི་ཐུགས།། ཇི་ལྟ་བ་བཞིན་མངོན་གྱུར་འགྲོ་ལ་དེ་ཉིད་སྟོན་པར་ཤོག།། །། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་དཀའ་འགྲེལ་སྙིང་པོའི་དོན་རབ་ཏུ་གསལ་བའི་རྒྱན་ཞེས་བྱ་བ་འདི་ནི། སྒྲུབ་པའི་རྒྱལ་མཚན་འཛིན་པ་རྣམས་ཀྱི་རིགས་ཀྱི་བདག་པོ་དང། རིག་པའི་གནས་མཐའ་དག་ལ་ངག་གི་དབང་ཕྱུག་བརྙེས་པའི་གསུང་གིས་ཉེ་བར་བསྐུལ་བ་ལས། ཡུལ་བྱང་ཕྱོགས་ཀྱི་རྒྱུད་དུ་བྱུང་བའི་དགེ་སློངཆོས་སྨྲ་བ་གཞོན་ནུ་དཔལ་ཞེས་བྱ་བས་བླ་མ་དམ་པ་རྣམས་ཀི་དྲིང་ལས་ལྗང་གི་ཕུར་ཉུང་ངུར་སྦྱར་བ་རྫོགས་སོ།། །། ཡི་གེ་པ་ནི་སྨོན་ལམ་གྲགས་ཀྱིས་བགྱིས་པ་ལས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡུན་དུ་གནས་པར་གྱུར་ཅིག།། །།
Carving Colophon, ff. 198b7-199a7
རྒྱལ་དབང་གསུང་གི་གསང་བའི་དཔྱིད་ཀྱི་དཔལ།།
རྒྱུད་སྡེའི་དཔག་བསམ་ཀུན་གྱི་རྩེར་སོན་པ།།
དུས་ཀྱི་འཁོར་ལོའི་གསེར་གྱི་སྙེ་མ་ནི།།
དྲི་མེད་འོད་ཀྱིས་ཡོངས་སུ་སྨིན་བྱས་ཀྱང།།
དཀའ་ཕྲེང་དོན་ཟབ་