R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • Pagination (Witness A): ༡༡བ
[A:༡༡བ] སྟོབས་པོ་ཆེའི་མདོ། སྤྲིན་གྱི། རྡོ་རྗེ་འཇིགས་བྱེད་ཀྱི། བདུད་རྩི་ཐལ་སྦྱོར་གྱི། རྨེ་རྩེགས་ཀྱི། གེགས་སེལ་བའི། ཕྱག་
ན་
རྡོ་རྗེ་རིག་པ་མཆོག་གི་རྒྱུད་ཕྱི་མ། རིག་གསུམ་སྤྱི་རྒྱུད། མི་གཡོ་བའི་གསང་རྒྱུད་ཆེན་པོ། དེའི་སྟོབས་དཔག་མེད་
བལྟུལ་ཕོད་པ་
འདུལ་བར་གསུངས་པ། མི་གཡོའི་གཟུངས་ལེའུ་དགུ་པ། རྟོག་བསྡུས་ལེའུ་བཅུ་པ། སྒྲོལ་མ་ཀུ་རུ་ཀུ་ལེའི་རྟོག་པ་བཞི་པ། སྒྲོལ་མའི་རྒྱུད་ལ་སྣ་ཚོགས་བསྟན་པ། དེའི་མཚན་རྒྱ་གཉིས། དེའི་གཟུངས། དེའི་འཇིགས་སྐྱབས། ལེགས་སྒྲུབ་ཀྱི་རྒྱུད། དགོངས་རྒྱུད། ལྷ་མོ་སྒྲ་དབྱངས་ལ་བསྟོད་པ། ལྷ་མོ་དཔལ་ལུང་བསྟན་པ། དཔལ་ཆེན་མོའི་མདོ། དེའི་མཚན་བཅུ་གཉིས་པ། འོད་ཟེར་ཅན་ཞེས་པའི་གཟུངས། འོད་ཟེར་ཅན་འབྱུང་བའི་རྒྱུད་ལྔ། ཤ་བ་རིའི་མདོ། དེའི་གཟུངས། རྡོ་རྗེ་ལུ་གུ་རྒྱུད་ཀྱི་རྟོག་པ། བསྐུལ་བྱེད་མ། དུག་སེལ།་འཕགས་པ་དབྱིག་ལྡན། སྤྱན་འདྲེན་རྒྱུད་གསུམ་པ། ཚེ་དཔག་མེད་ཀྱི་མདོ་དང། སྙིང་པོ་ཆེའི་གཟུངས། ཡོན་ཏན་མངགས་པ་དཔག་ཏུ་མེད་པ་སོགས་བྱ་སྤྱོད་དུ་གཏོགས་གཟུངས་འདུས་སམ་གཟུངས་འབུམ་དུ་གྲགས་པ་བྱིན་འགྲེལ་བས་རྣམ་གྲངས་ཉི་བརྒྱ་ལྷག་ཅིག་ཞུས་ཤིང། གཞན་ཡང་། ལུང་དང་མན་ངག་མང་པོ་ནོས་པའི་བླ་མ་སྐུ་དྲིན་ཆེ་བ་གཅིག་ཡིན་གསུང།
Teachings from Sa bzang ma ti ཆོས་རྗེ་ས་བཟངས་མ་ཏི་པཎ་ཆེན་པ་ལ་གཤེད་དམར་ལྷ་ལྔའི་དབང་དང། ཤིན་ཏུ་སྤྲོས་མེད་ཀྱི་བསྐོར་ཚང་བ་དང། གཞན་ཡང་དབང་ལུང་མན་ངག། སྒྲ་དང། སྙན་དངགས་རྒྱུད་བླ་སོགས་མང་དུ་གསན་ཅིང། དུས་ཕྱིས་བཟང་ལྡན་གྱི་ཟུར་ཆོས་པ་མཛད་དུས། ཆོས་རྗེ་དེར་ཕེབས་ནས་མཆོད་རྟེན་ལ་སྐོར་བ་གཅིག་མཛད་གིན་འདུག་པའི་སར་བྱོན། རྗེ་པ་འདིར་ཙམ་ཅིག་བཞུགས་ན་ཞུས་པས། ཉིད་ཅི་མཛད་གསུང། སྦྱོར་དྲུག་གཅིག་ཞུ་བསམ་ཞུས་པས། དེ་ཙམ་གཅིག་གདོད་གསུང། འོ་ན་ཐུགས་རྗེས་འཛིན་པར་ཞུ་ཞུས་པས། དེ་ག་ནས་སྐྱབས་འགྲོ་ཆོག་སྒོམ་ལ་བཞུགས། སྒོམ་ཁང་དུ་བཞུགས་ཡོད་པའི་ནམ་ཐོ་རང་པ་གཅིག་གཟིགས་སྣང་ལ། ཆོས་རྗེས་པས་ཐང་རྐྱ་གཅིག་མཛད། ཕྱག་གཉིས་ཀའི་ཕྲག་པ་ནས་འཁྲིག་མའི་བར། ཕྲེང་བ་