[A:༡༦ན] ཐོགས་པ་བྱུང་གསུང། ཡར་འབྲོག་ཧྱེང་དུ་ཆེན་པོ་རྩ་
ཡོན་
ཡིན་ནའང། གྲུབ་མཐའི་ཕྱོགས་ཞེན་བྱས། མཁན་ཆེན་སངས་རྒྱས་དཔལ་བ་དང། བདེ་གཤེགས་སྙིང་པོའི་ཆ་ལ་རྩོད་པ་མཛད་དེ། རྩོད་ཡིག་གྲྭ་ས་བྱིན་དུ་འགྲིམ། གང་རྒྱལ་བ་དེ་ལ་གཉིས་ཀ་འཇུག་དགོས་ཟེར། བསྟན་པ་དཔང་དུ་གཙུགས་པའི་རྩོད་པ་བྱེད་དགོས་བྱུང་པ་ལ། སང་པ་ན་རེ། སེམས་ཅད་གྱི་རྒྱུད་ཀྱི་བདེ་གཤེགས་སྙིང་པོ་དང། དེ་བཞིན་གཤེགས་པའི་རྒྱུད་ཀྱི་བདེ་གཤེགས་སྙིང་པོ་དེ་གཅིག་གམ་མི་གཅིག་ཟེར། དབྱེར་མེད་བྱས་པས། སྲབ་ཁས་ལེན་མེད་ན། མཐུར་ལྟག་རྐོན་བྱེད་ཟེར་ནས། དེ་གཉིས་གཅིག་པའམ་ཐ་དད་གང་རུང་དུ་ཐལ། དངོས་འགལ་བར་ན་ཕུང་གསུམ་མེད་པའི་ཕྱིར་ཟེར་བ་ལ། བདེན་པ་གཉིས་དེར་ཐལ། དེའི་ཕྱིར་བྱས་པས། འདོད་ཟེར། འོ་ན་འདོད་བྱས་པས། མཐུར་ལྟག་རྐོན་ཨེ་བྱུང་ཟེར། ངེད་ཀྱིས་གཅིག་པ་དང་མི་གཅིག་པ་གང་དུའང་ཁས་མ་བླངས། གསུང་བ་སོགས་ཀྱི་རྩོད་ཡིག་བཀོད། ཁོང་པ་ཤིན་དུ་ཕམ་པར་མཛད། བྱང་ཕྱོགས་པ་དཔོན་ཡིག་ནམ་མཁའ་བྱ་བའི་ལག་ནས་ཡི་གེ་བླངས། མགྱོགས་པར་བྲིས་འདུག་པས། དེ་འཕྲལ་ཧྱེང་ངུ་བ་བྱོན་ནས་གཏོད། ཡི་གེ་དེ་བཞོག་ལ་ད་མཛོད་ཟེར། སང་པའང། དེ་བཞོག་ལ་ད་བྱེད་ཟེར། ཁོ་ཡོན་མཆོད་གཉིས་འཚབས་བྱུང་པ་ལ། གདོད་ནས་རྒྱལ་བ་རྒྱལ་བའི་སྙིང་པོ་རྒྱལ། ཁྱོད་སྨྲ་རྒྱལ་པོ་རྒྱལ་བར་ཤེས་པའང་རྒྱལ། རྒྱལ་པོ་བདེ་བར་གཉིད་གཅིག་ལོག་པ་ན། ཕམ་པོ་གཉིད་མེད་འགྲེ་ལོག་བྱེད་པའང་མཐོང། དེ་ལན་དེ་ཡིན་ཕྱིས་ཅིག་ལྟའོ་ཞེས། ཕྱིས་ཀྱང་དེ་ཡི་ཡང་ཕྱིས་ལྟའོ་ཞེས། ཕམ་པ་ཕལ་ཆེར་ཚིག་གི་ལྷག་