R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • Pagination (Witness A): ༢༠ན
[A:༢༠ན] བརྩེས་དུས། དཔལ་རྟ་མགྲིན་ཁྲག་མཐུང་ལྷ་དགུར་སྤྲུལ་ནས་དབྱུག་པས་བསྣུན་པ་སོགས་དུ་མ་ཡོད་པས་སོ། སྨོན་ལམ་ལ་དབང་ཏེ། དོན་གཉིས་འགྲུབ་པའི་སྨོན་ལམ་ཇི་ལྟར་གཏབ་པ་བཞིན་འགྲུབ་པའི་ཕྱིར་ཏེ། རྒྱུ་མཚན་དེ་མ་ཐག་འདིར་འཆད་དོ། རྫུ་འཕྲུལ་ལ་དབང་ཏེ། སྐལ་པ་དང་ལྡན་པའི་གདུལ་བྱ་ལ་རྫུ་འཕྲུལ་དུ་མ་སྟོན་ནུས་པའི་ཕྱིར་ཏེ། ནམ་མཁའ་ལ་གཞུགས་པ་དང། སྟོན་པའི་སྐུ་དང་གསུང་གླེང་བར་སྟོན་པ་ཡོད་པས་སོ། ཡེ་ཤེས་ལའང་དབང་པ་གོང་གི་རིགས་པས་ཤེས་སོ། ཆོས་ལ་དབང་ཐོབ་ཏེ། རྟེན་འབྲེལ་ཡན་ལག་བཅུ་གཉིས་སོགས། ཇི་ལྟར་རིགས་པར་གདུལ་བྱ་ལ་མིང་ཚིག་ཡི་གེའི་ཚོགས་གཞན་དང། གཞན་གྱིས་བསྟན་ནས་སེམས་ཚིམ་པར་མཛད་པའི་ཕྱིར་རོ། ཡིད་དམ་ལྷ་དང་དག་པའི་སྣང་པ་དང་། རང་གི་དགོངས་པ་ཅུང་ཟད་སླངས་པ་ན། སངས་རྒྱས་སྤྲུལ་པ་གནས་བརྟན་བཱ་གུ་ལ། ཟླ་བ་མགོན་པོར་སྤྲུལ་པ་བསྟན་ལ་འདུད། དེའང་འདི་སྐད་ཐོས་ཏེ། གནས་རྙིང་ན་སློབ་དཔོན་པདྨ་བྱ་བ། མཁྲོའི་ཚོགས་དཔོན་ལ་འགྲོ་བ་གཅིག་ཡོད་དོ། དགོངས་གཅིག་དེའི་ཐང་དཀྱིལ་གཅིག་ན་མཆོད་བརྟེན་གཅིག་ཡོད་པའི་སར་
དཔའ་བོ་
མཁའ་འགྲོ་མ་རྣམས་ཀྱི་ཚོགས་དཔོན་ལ་ཕྱིན་པ་ན། དེ་རིང་
གནས་རྙིང་དུ་
གནས་བརྟན་བ་གུ་ལ་འཁོར་བཅས་ཕེབས་གཞུད་ཅེས་སླེང་གི་འདུག་པ་ཁོང་གིས་ཐོས། སང་དེ་གནས་རྙིང་དུ་
སུ་
ཕེབས་དྲིས་པས་རྗེ་པ་སློབ་ཕེབས་ཟེར། དེར་ཁོང་གིས་མགར་བ་གཅིག་ཡོད་པ་ལ་གདན་བསྣོན་གྱིས། ཁྱེད་ཀྱི་ཡུན་རིང་པོའི་དོན་འགྲུབ་པར་ཡོད་ཅེས་བཀུལ་བས། ཁོས་དཔོན་སློབ་རྣམས་ལ་གདན་སྣོན་ཞུས། ཁོང་ཚེ་དེ་ཀ་ལ་དཔལ་འབྱོར་རྒྱས་པའང་བྱུང་འདུག། ཡང་བླ་མ་མི་ཉག་བསོད་རྒྱལ་བྱ་བས། རྨི་ལམ་བཟུང་ནས་འཇལ་དུ་བྱོན་པ་ན། འདུ་ཁང་གི་སྒོ་བསྲུངས་པ་ན་རེ། འདི་ན་གནས་རྟན་