R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • Pagination (Witness A): ༢༩ན
[A:༢༩ན] ལ་སོགས་པ། གཉིས་མེད་རྒྱུད་ནས་བཤད་པ་དང། དཔལ་གསང་བ་འདུས་པ་ལ་སོགས་ཕར་རྒྱུད་དང། དཔལ་འཁོར་ལོ་སྡོམ་པ་ལ་སོགས་མར་རྒྱུད་དང། རྡོ་རྗེ་ཕྲེང་བ་སོགས་མཐའ་དག་གི་དཀྱིལ་འཁོར་ཕྱོགས་གཅིག་ཏུ་སྡེབས་ཏེ་སྒྲིགས་པ་དང། སྒྲུབ་ཐབས་རྒྱ་རྩ་དང་རྒྱ་མཚོ་ལ་སོགས་པའི་བཀའ་ལུང་གྲང་ལས་འདས་པ་རྣམས་འཕངས་པ་མེད་པར། གོང་ལོ་སུམ་བཅུ་གཞེས་པའི་དུས་བཟང་ལྡན་གྱི་འཆད་ཉན་མཛད་པ་ནས་བཟུང་ཏེ། མཐར་གོང་ལོ་གོ་གསུམ་གཞེས་པའི་དུས་ཡན། ལོ་གྲངས་དྲུག་བཅུའི་བར་རྒྱུན་ཆགས་སུ་གནང་པ་ཡིན་པའི་ཕྱིར་རོ། དུས་འཁོར་གསང་འདུས་བདེ་མཆོག་ཀྱེ་རྡོར་དང། དགྲ་ནག་གདོང་དྲུག་གཤེད་མར་ཚེ་དཔག་མེད། སྒྲོལ་མ་རྣམ་རྒྱལ་མཁའ་སྤྱོད་དཀར་དམར་སོགས། ཡིད་དམ་ལྷ་གཟིགས་ཆོས་རྗེའི་ཞབས་ལ་འདུད། དེ་ཡང་འདི་སྐད་ཐོས་ཏེ། སྦྱོར་བ་ཡན་ལག་དྲུག་དང་སྙེན་བསྒྲུབ་སྐུ་ཉམས་སུ་གཞེས་པའི་དུས། འཇའ་དང་འོད་ཟེར་མཐའ་ཡས་འཕྲོ་བའི་དབུས་སུ། དེ་ནི་ལེགས་པའི་ལོངས་སྤྱོད་རྫོགས་པའི་སྐུའི་གཟུགས་བརྙན་འདི་རྣམས། སྟོང་པ་ཉིད་ཀྱིས་གཟུགས་བརྙན་དུ་གཟིགས་པར་སྣང་སྟེ། འདི་རྣམས་ནི་ཆེ་ལོང་ཞིག་ཡིན་ལ། དེ་དུས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། རྣལ་འབྱོར་ཕོ་མོ་དང། མགོན་པོ་དང་ལྷ་མོའི་རྣམ་ཐར་སྣང་བ་སོགས་ནི་བསམ་གྱིས་མི་ཁྱབ་ལ། དེ་རྣམས་ཀྱིས་ལུང་སྟོན་པ་དང་དབང་བཀུར་བ་དང་། དེ་རྣམས་དང་དབྱེར་མེད་དུ་འདྲེས་པ་དང། གཅིག་ལས་དུ་མར་སྤྲུལ་བ་དང། དུ་མའང་གཅིག་ཏུ་བསྡུ་བ་སོགས། སྣ་ཚོགས་པ་མཛད་པར་སྣང་ལ། མཁའ་སྤྱོད་མ་དཀར་མོ་འདི་སྔོན་ནས་ཀྱི་ཡིད་དམ་ཡིན་ཞིང། སྒྲོལ་མ་དཀར་སྔོ་གཉིས་དང། མཁའ་སྤྱོད་མ་དཀར་མོ་འདི་བསྒྲུབས་ནས་གཟིགས་པའི་ལྟར་ཡང་གྲགས། འདིའི་གཟིགས་ཚུལ་ལ། ཐོས་པ་རྒྱུད་པ་ལ་ལ་ན་རེ། བསྒྲུབ་པ་མཛད་དུས་
མཚན་