[A:༣༠ན] འཛིན་འཁྲུལ་པ་རང་སར་ཞིག་ཏེ། འཁོར་འདས་མཉམ་ཉིད་དུ་བརྟོགས་པ་དང། ཐབས་ལམ་ལ་བརྟེན་ནས་བྱང་སེམས་ཐིག་ལེ་གསུམ་ལ་རང་དབང་འདུས་པ་དང། མདོར་ན་ཚེ་འདི་ལ་ཞེན་པ་ལོག་ཏེ་མི་རྟག་པའི་དྲན་འཛིན་གྱི་འཇིག་རྟེན་བློས་བཏང་གི་བསྒྲུབ་པ་བྱེད་པ་དང། རང་ཉིད་བསྟན་པའི་ལམ་སྣ་ཟིན་ནས། གདུལ་བྱ་གཞན་རྗེས་སུ་འཛིན་པའི་སློབ་མའང་ཤིན་དུ་མང་ཞིང། དེའི་གདམས་པའི་གནད་སྣ་རེ་ཙམ་ཐོབ་པ་ནི། སའི་དཀྱིལ་འཁོར་གྱི་མཐར་ཐུག་པར་ཁྱབ་པས་ན་གྲངས་རྗོད་པར་མི་ནུས་པའོ། རྒྱལ་བའི་རྒྱལ་ཚབ་རྒྱལ་བ་ལས་ལྷག་པའི། ལོ་ནི་བཅུ་ཕྲག་དགུ་དང་གསུམ་ཞེས་ནས། ལང་མཚོ་ཡོལ་ཀྱང་མཛད་སྤྱོད་བསམ་མི་ཁྱབ། སྨྲ་རྗོད་དུལ་འདས་ཆོས་རྗེའི་ཞབས་ལ་འདུད། དེའང་རྒྱལ་ཚབ་དམ་པ་སྤངས་རྟོགས་ཡོན་ཏན་གྱི་ཆ་རྒྱལ་བ་ལས་ལྷག་པར་སྨྲ་བ་ནི་མ་ཡིན་ལ། རྒྱལ་བ་ཤཱཀྱ་ཐུབ་པ་ནི་འཛམ་བུའི་གླིང་འདིར། གོང་ལོ་གྱ་བཅུ་པ་ལ་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་ཡིན་ལ། དེའི་སྤྲུལ་པ་རྗེ་རིན་པོ་ཆེ་ནི། རྒྱལ་བ་ལས་ཀྱང་གོང་ལོའི་གྲངས་མ་ལྷག་པར་གཞུགས་ཏེ། དགུ་བཅུ་གོ་གསུམ་གཞེས་པའི་ཕྱིར་རོ། ལང་མཚོ་ཡོལ་ཀྱང་མཛད་སྤྱོད་བསམ་མི་ཁྱབ་པ་ནི། ཆེ་ལོང་ཙམ་ཞིག་རྗོད་ན། ཚོགས་ཀྱི་མཁན་སར་ཕེབས་དུས། དེའི་ཆོས་སྤྱོད་ཀྱི་རིམ་པ་འཁྲུག་པ་དང། མི་གསལ་བ་དང། མཐོར་བ་རྣམས་བསྡུས་ཏེ། སྨན་བླའི་མཆོད་ཁྲིགས། གནས་བརྟན་གྱི་ཆོ་ག་ཆེན་མོ། རྣམ་འཇམ་ཉེར་གཅིག་གི་མངོན་བརྟོགས། མཎྜལ་བཞི་པ་དོན་ཞགས་དང། བཅུ་གཅིག་ཞལ་གྱི་ཡིག་ཆ་ཚང་བ། རྣམ་སྲས་བཀོར་ཀྱི་མཆོད་ཁྲིགས། འཁོར་ལོ་བཅའ་ཐབས། འདུལ་བའི་ལས་ཆོག། མཐོལ་གཤེགས། ཆོས་འབྱུང་རིན་པོ་ཆེ། ཚད་མའི་