R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • Pagination (Witness A): ༣༢བ
[A:༣༢བ] གི་མཚན་ཐོས་པ་དང། ལས་འབྲེལ་ཡོད་པའི་གདུལ་བྱ་རྣམས་ཀྱི་འབུལ་བ། རྟེན་གསུམ། མཆོད་ཆ། མཆོད་རྫས། བསོལ་དཔྱད། ནམ་ཟ་སྐོར། དིང་ཕོན། མཐོན་ཐིང་དང། གོས་ཡུག་ཕྱི་ནང་ཇ་སིག།རྟེན་ཁེབས། ཐ་ན་རག་ཤ། སྤར་ལྟོ། སྤོངས་ཤིང། བ་སོ། ཙན་དན་ལ་སོགས་པའི་ཕྲེང་བའི་ཕུང་པོ། ཁ་ཐགས་ཀྱི་ཕུང་པོ། སྣག་ཚ་དང། དར་སྐུད་ཁ་བ་ ཤིང་ཐོག་ཏེ། མདོར་ན་ཕྱག་རྫས་བསམ་གྱིས་མི་ཁྱབ་པའི་འབུལ་མོ་ཆེས་སླེབ། ཆོས་རྗེ་དོན་པས་གཙོས་པ་རྣམས་ལ་ཞག་གསུམ་གྱི་ནང་དུ་དུས་འཁོར་ཡོངས་རྫོགས་ཀྱི་དབང། བྱིས་པ་འཇུག་པ་ནས། བདག་པོ་ཆེན་པོའི་དབང་གི་བར་ཚང་མ་བདེ་མཆོག་དྲིལ་བུ་པ། རྟ་མགྲིན་ཡང་གསང་ཁྲོས་པ། ཚེ་དཔག་མེད་གྲུབ་རྒྱལ་མ་དང། ལྷ་དགུ། སྒྲོལ་མ་
ལྷ་
བཅུ་བདུན་མ། སྤྱན་རས་གཟིགས་གསང་བསྒྲུབ་རྣམས་ཀྱི་དབང་དང། དེ་རྣམས་ཀྱི་བསྒྲུབ་ཐབས་བསྡུས་པ་རེའང་མཛད། གཞན་ཡང་ཆོས་ཕྲན་མང་པོ་གནང་ཏེ། དེའི་རིང་ལ་ལས་ཀ་འཛིན་པའི་རྒྱ་བན་མང་པོ་ལ་བསྙེན་རྫོགས་ཀྱང་མཛད། ཐམས་ཅད་དགྱེས་ཤིང་ཚིམས་པར་མཛད་དོ། ཆོས་རྗེ་རིན་པོ་ཆེའི་དགོངས་པ་ལ། འདི་རྣམས་ཀྱི་ནོར་གྱི་འབུལ་བ་ཡོང་པ་གཞན་གང་ཀྱང་མིན། ཐུབ་པ་ཆེན་པོའི་སྐུ་དྲིན་ཡིན་འདུག་དགོངས་པ་ཐུགས་ལ་འཁྲུངས་ཏེ། གོས་དར་ལས་གྲུབ་པའི་སྟོན་པའི་སྐུ་འདྲ་འདི། དེ་ཀའི་དབྱར་དེ་བསྒྲུབས། དེའི་ཟླ་བ་བདུན་པ་ལ། ཕར་ཕྱིན་གྱི་ཊིཀྐ་འདི་རྩོམ་མཛད། བུ་ཊིཀ་གཞིར་གཞག་པ་ལ་དགེ་དགོངས་པ་དང། ཉ་དབོན་པོ་གཉིས་ཀྱི་ལེགས་ཆ་སྒྲོན་པའི་སྦྱོར་བ་བཀོད། དེའི་ཟླ་བ་དགུ་པའི་ཚེས་བརྒྱད་ལ་དེའང་ཚར་བ་གྲུབ། བླ་མ་ཀུན་ལེགས་ཀྱིས་ཞུས་པའི་ངོར། ཕྱག་རྡོར་འཁོར་ཆེན་གྱི་བསྒྲུབས་དཀྱིལ་མཛད། ལྕགས་ཕོ་