[A:༣༤ན] འགེལ་བ་དང། ཕྱིབས་པའི་ཆུ་སྒུད་པ་སོགས་བྱེད་པར་སྣང་བ་ནི། འོད་གསལ་ལ་མངའ་བརྙེས་པ་དང། རྨི་ལམ་འབྱོངས་པ་དང། རྨི་ལམ་གསལ་པོ་ཡོད་པ་རྣམས་ལ་དེ་ལྟ་བུའི་རྣམ་པ་ཡོད་ཅེས་ཀྱང་འབྱུང་ལ། མགོན་གཡག་གིས་འོང་ཁྲོད་དུ་ཕྱིན་པ་ན། འབྲོག་པས་མདའ་རྒྱབ། འབྲོང་གིས་དེ་ཁའི་རྗེས་ཕྱིར་འབྲངས་མི་དེ་ཤི། ཤི་བའི་སྦྲ་སྒོ་འགག་དུ་ཉལ། རོ་སྐྱལ་བའི་རྗེས་ཕྱིར་ཕྱིན་ནས། རོ་ཤུལ་དུ་འདྲེ་མོ་བྱས། དེས་རྟོགས་པ་ལངས། རྗེས་ཀྱི་མི་རྣམས་གུས་པས་ལུད་པའང་བྱུང། སྐབས་གཅིག་རྐྱེན་གཅིག་ལ་ཐུགས་ཁྲོ་བ་བྱུང་པ་ན། མི་ནག་པོ་གྲི་ཐོད་འཛིན་པ། རྔམ་ལ་རྗིད་པ། གཟུགས་ཐུང་ལ་ཡན་ལག་ཧྲགས་པ། མིག་གསུམ་ཡོད་པ་གཅིག་གཞུགས་གདན་གྱི་ཟུར་དུ་བྱུང་ནས། བདག་གིས་ཕྲིན་ལས་ཅི་བསྒྲུབ་ལགས་ཟེར། དེ་མ་ཐག་ཐུགས་དྲན་གྱིས་ཟིན་ཏེ། དགེ་སློང་རྒད་བུ་དག་ལ་ཕྲིན་ལས་བསྒྲུབ་རྒྱུ་ཅི་ཡང་མེད་ཟེར་བ་བྱས་གསུང། གཞན་ཡང་ཆོས་སྐྱོང་གིས་ཕྲིན་ལས་བསྒྲུབ་པའི་རྣམ་གྲངས་མང་ཏེ། ཡི་གེ་མངས་དགོས་མ་བྲིས་པ་ལགས། ཕྱག་ཞབས་མཐིལ་ན་འཁོར་ལོ་གསལ་བར་དོད། གས་བའི་སྦ་བ་མི་མངོན་གནས་སུ་ཐིམ། སུམ་བཅུའི་མཚན་མངའ་དཔེ་བྱད་བརྒྱད་བཅུས་སྤྲས། ལྟ་བ་མཚུངས་མེད་ཆོས་རྗེའི་ཞབས་ལ་འདུད། དེའང་འདི་སྐད་ཐོས་ཏེ། ཕྱག་གི་མཐིལ་ན་མཚོན་ཆ་འཁོར་ལོ་རྩིབས་དྲུག་པ་དང། ཞབས་ཀྱི་མཐིལ་ན་འགྲོ་བ་འདྲེན་པའི་འཁོར་ལོ་གཉིས་ནི། མཁྱིལ་བའི་ཚུལ་དུ་ཡོད་ལ། དེའང་ཞིབ་ཟན་སླ་མོ་སྦྱར་བ་དང། ཞལ་བའི་སྟེང་དུ་ཞབས་རྗེན་པར་བྱོན་དུས་གསལ་བར་ཡོད་ལ། ཞབས་མཐིལ་ཁོད་སྙོམས་པ་ལ་ལོང་བུ་མེད་ཅིང། མཐིལ་བཞི་ཀ་འཇམ་ཞིང་ཁོད་སྙོམས་པ་གཞོན་ཤ་ཆགས་པ། རེག་བྱའི་ཁྱད་པར་བསམ་གྱིས་མི་ཁྱབ་པ་དང། ཕྱག་རྐྱང་པ་ན་དཔུས་