R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • Pagination (Witness A): ༣༥ན
[A:༣༥ན] ཕེབས་པ་ནས། མཐར་གོ་གསུམ་གཞེས་པའི་དུས། གླང་ལོ་ཟླ་བ་དང་པོ་ལ་སྒམ་པོ་རིན་པོ་ཆེའི་གསྙེན་རྫོགས་མཛད་པ་ཡན་ཆད་ལ། བསྙེན་པར་རྫོགས་པ་ནི་བདུན་སྟོང་དང་དྲུག་བརྒྱ་གྱ་བཅུ་ལྷག་ཙམ་ཡིན་ལ། དེར་མ་འདུས་པ་ནི་མང་པོ་ཡོད་གསུང། བྱང་སེམས་ཀྱི་སྡོམ་པ་སྦྱིན་པ་དང། དབང་བསྐུར་ཏེ་གསང་སྔགས་ཀྱི་སྡོམ་ལྡན་དུ་བྱས་པ་ནི་བགྲང་བ་ལས་འདས་པའི་ཕྱིར། རྗེད་བྱང་མི་འདུག། མདོར་ན་གུ་གེ། པུ་རངས། མང་ཡུལ། ཀྱི་གྲོང། ལ་སྟོད་ལྷོ་བྱང་བྱིན། མོན་དཔལ་གྲོ། ཆུང་ཟང། དམྱལ། ཨེ་དགས་རྐོང། དབུས་ཀྱི་མཐིལ། འཕན་ཡུལ། འབྲི་ཁུང་སོགས་སྟོད་སྨད། མདོ་སྟོད་སྨད། རྒྱལ་པོའི་ཕོ་བྲང་
ནང་
ཡན། བསྡོམ་སྤྲུག་དང། སློབ་མ་ཆོས་འབྲེལ་ཡོད་ཙམ་གྱིས། འཛམ་བུའི་གླིང་འདི་ཁྱབ་པར་བྱས་པའི་ཕྱིར། མཐའ་ཡས་པའི་དོན་མཛད་ལ། འཆི་བདག་ཟིལ་གྱིས་མནན་པའི་ཚུལ་ནི། གོང་ལོ་གྱ་དགུ་པའི་དུས་ཁྱི་ལོ་ལ། སློབ་དཔོན་ས་འགྲོངས་ནད་དྲག་པོ་བྱུང། དེ་དུས་ཁོ་བོ་ཁྱོད་ཀྱི་ལོ་གཉིས་ཀྱི་གོང་དུ་འགྲོ། ད་ལན་མ་ཤི་བ་བྱེད་གསུང་ནས། སྟག་ལོ་ཟླ་བ་བཅུ་གཅིག་པའི་ཚེས་བཞིའི་བར་ཚེ་སྲིངས། གཞན་པ། གཞན་གྱི་ཚེ་སྲིངས་པའི་ལོ་རྒྱུས་མང་ཏེ་མ་སྤྲོས་ལ། གོང་དུའང་རྗོད་ཟིན། ཁྱེད་གསུང་ལེགས་བཤད་ཚངས་པའི་སྒྲ་དབྱངས་བདག་མེད་སྒྲ་སྒྲགས་ཁམས་གསུམ་མ་ལུས་ཁྱབ། སྨྲ་ངན་ཀུན་བཅོམ་ཡང་དག་ལམ་ལ་བཀོད། སྨྲ་བ་ཟླ་མེད་ཆོས་རྗེའི་ཞབས་ལ་འདུད། དེ་ཡང་འདི་སྐད་ཐོས་ཏེ། སྔར་ཆོས་རྗེ་པཎ་ཆེན་པ་ལ་སྦྱོར་བ་ཡན་ལག་དྲུག་གསན་དུས། ཆོས་རྗེ་པས་འདུལ་བའི་དུས་ལ་བབ་པར་དགོངས་ནས། ཁོང་རང་གི་ཉེ་གནས་དབང་ཆེན་གཅིག་
ཡོད་
འདུག་པ་དེ་ལ། རྒྱུས་མེད་པ་མཛད་