R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • Pagination (Witness A): ༣༧བ
[A:༣༧བ] ཡང་མིག་གིས་མ་མཐོང་པའི་རྒན་མོ་ཡོད་པར་གྲགས་པ་བཞིན་ནོ། སྔོན་གྱི་དུས་ནས་རང་གི་སེམས་ཀྱི་ཆོས་དམ་པར་ནི་གྱིས་འོད་གསལ་བ་དེ་ཉིད་མངོན་སུམ་དུ་མཛད་པ་ལས། བག་ཆགས་དང་བཅས་པའི་སྒྲིབ་པ་མཐའ་དག་སྤངས་ཤིང། སྒྱུ་མ་དང། རྨི་ལམ་དང། དྲི་ཟའི་གྲོང་ཁྱེར་དང། པྲ་ཕབ་པ་བཞིན་ཏུ་མ་བཏགས་པར། ཕུང་པོ་དང་ཁམས་དང། སྐྱེ་མཆེད་ལ་སོགས་པའི་ཆོས་མངོན་སུམ་དུ་གཟིགས་པའི་ཡེ་ཤེས་དང། དེའི་མཐུས་འགྲོ་བ་མཐའ་དག་གི་དོན་དུ། ནམ་མཁའ་ཇི་སྲིད་གནས་ཀྱི་བར་དུ་རྒྱུན་མི་འཆད་པར་འཇུག་པའི་ཕྲིན་ལས་དང་བསྟན་པ་ཡིན་ནོ། དེས་ན་འཛམ་གླིང་སྐྱོང་རྒྱལ་རྒྱ་ནག་རྒྱལ་པོ་དང། སྤྲུལ་པའི་ཆོས་རྒྱལ་བོད་རྒྱལ་རྒྱུད་པར་བཅས། ཁྱོད་ཞབས་གུས་བརྟེན་འབྱོར་པའི་དཔལ་གྱིས་མཆོད། ཆེ་བའི་ཆེ་མཆོག་ཀུན་གྱིས་བཏུད་ལ་འདུད། ཅེས་ཀྱང་བསྟོད་པ་ཡིན་ལ། ཤིང་ཕོ་སྤྲེའུའི་ལོ་ལ་གོང་མ་རྒྱལ་པོའི་འབུལ་ཆེན་བྱུང་པ་ནས་བཟུང་ཏེ། ས་མོ་བྱི་ལོའི་བར། ལོ་ལྕགས་མལ་གྱི་ལུང་དང་གནང་སྦྱིན་གྱིས་གཙོས་པའི་འབུལ་ཆེན་དང། རྫས་དང་དངོས་པོ་ཕྱག་ཏུ་བྱུང་པ་གང་ལའང་བདག་ཏུ་འཛིན་པའི་འཛིན་པ་སྤངས་པས། བསོག་འཇོག་གི་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པ་མཛད་དེ། གཞན་ལ་སྔོའམ། དགེ་ཕྱོགས་ལ་སྦྱོར་རམ། འགྲོ་བའི་དམྱིགས་ཚེལ་གསུང་བ་སོགས་
མཛད་
ཀྱི་ཆེ་ཆུང་གང་ལའང་ཞལ་འཇུག་དང། རྩད་གཅོད་པ་མི་མངའ་བ་ཡིན་ནོ། མཐར་མྱ་ངན་ལས་མདའ་ཁ་མའི་ཚེའང། ང་ལ་ནི་ཡོངས་སུ་བཟུང་བའི་རྡུལ་ཙམ་ཡང་མེད་གསུང་སྐད་དེ། འདི་ནི་ཤིན་ཏུ་བདེན་ནོ། སྐུ་ཚེ་འདི་ལ་མཛད་པ་མཐར་ཕྱིན་ནས། ཞིང་ཁམས་འདི་ནས་ཞིང་གཞན་གཤེགས་པའི་ཚེ། དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་མངོན་བསུ་ཏེ། བདེ་བ་ཅན་དུ་འབྱོན་