R1150: སེམས་དཔའ་ཆེན་པོ་ནམ་མཁའ་འོད་ཟེར་གྱི་རྣམ་ཐར།

  • Pagination (Witness A): 70
[A:70]སེམས་དཔའི་སྤྱོད་པ་ལ་འཇུག་པ་ལ་ཐོག་མར་སློབ་གཉེར་མཛད། དེ་རྗེས་ཐུན་མོང་མིན་པའི་མངོན་རྟོགས་ཀྱི་རིམ་པ་རྫོགས་པར་སྟོན་པ་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དོན་གསལ་བ་དང་བཅས་པ་ལ་ཐུགས་སྦྱོང་ལེགས་པར་མཛད་པས་ཐེག་ཆེན་གྱི་ཁམས་དང་དབང་པོ་ཐམས་ཅད་ཡོངས་སུ་བརྟས་པར་གྱུར་ཏོ།། དེ་དག་གི་སྐབས་སུ་ཉིན་པར་སློབ་གཉེར་ལ་ཤིན་ཏུ་འགྲུསཔས་མཚན་མོ་རྣལ་ལམ་དུ་ཡང་དེ་དག་གི་འཛིན་སྐྱོང་ལ་སོགས་པ་མང་དུ་འབྱུང་ཞིང་ཁྱད་པར་སངས་རྒྱས་བྱང་སེམས་ཀྱི་གཟིགས་སྣང་ཁྱད་པར་ཅན་བྱུང་ཚུལ་ནི། རྒྱལ་སྲས་གཞོན་ནུ་རྒྱལ་ཡུམ་འཛིན་པའི་ཚེ། །ལྷག་པའི་ལྷ་དང་ལྷག་པར་སེང་བཟང་ གིས༑ ༑རྣལ་ལམ་ཚུལ་གྱིས་རྣལ་འབྱོར་མཆོག་ལ་སྦྱར༌། །བྱམས་པས་བྱིན་རླབས་བྱམས་ཐུགས་ལྡན་ལ་འདུད། །ཅེས་པ་སྟེ། བདག་ཉིད་ཆེན་པོ་འདི་དགུང་ལོ་བཅུ་པ་ཙམ་གྱི་དུས་སུ། ཕར་ཕྱིན་ལ་སློབ་གཉེར་ཤིན་ཏུ་འགྲུས་པར་མཛད་པའི་སྐབས་རྣམས་སུ། རྣལ་ལམ་དུ་རྒྱ་གར་གྱི་པཎྜི་ཏ་མང་པོ་གཟིགས་ཤིང༌། ཁྱད་པར་སློབ་དཔོན་སེང་གེ་བཟང་པོ་ཡིན་ཟེར་བའི་པཎྜི་ཏ་སྐུ་གཟུགས་རིང་པོ་ནམ་བཟའ་ངུར་སེར་བཞེས་པ་ཞིག་གིས་ལས་འབྲས་དང་བསམ་གཏན་སྒོམ་པའི་མན་ངག་ལ་སོགས་པའི་ཆོས་མང་དུ་བསྟན་པར་རྨི་བ་དང༌། ལྷག་པའི་ལྷ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུའི་སྣང་བ་འགའ་རེ་རྣལ་ལམ་དུ་གཟིགས་པ་དང༌༑ རི་ཆེན་པོ་ཞིག་གི་ངོས་ལ་རྗེ་བཙུན་བྱམས་པ་མགོན་པོ་སྐུ་གཟུགས་ཤིན་ཏུ་ཆེ་བ་ཞིག་གཟིགས་པས་རྐྱེན་བྱས་ནས། བྱམས་པ་ཆེན་པོ་ལྷག་པར་འཁྲུངས་ཏེ དེ་ཉིན་པར་དྲན་པ་ན་ཕྱག་དཔེའི་གཟིགས་འཕྲོའི་དཔེ་ཆའི་སྟེང་དུ་སྤྱན་ཆབ་མང་དུ་འཆོར་བ་ལ་སོགས་པ་ཤིན་ཏུ་ངོ་མཚར་བའི་མངོན་པར་རྟོགས་པ་དུ་མ་ཐུགས་