[A:71]ལ་འཁྲུངས་ཏེ། ད་ནི་དབུས་གཙང་དག་པའི་ཞིང་དུ་རིངས་པར་ཕྱིན་ལ་ཆོས་གྲྭ་ཆེན་པོ་རྣམས་སུ་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་དུ་མ་ལས་གསུང་རབ་རིན་པོ་ཆེ་རྣམས་ལ་ལེགས་པར་བསླབ་པར་བྱའོ། །སྙམ་པའི་ཐུགས་ཀྱི་འདུན་པ་དབྱར་གྱི་ཆུ་བོ་བཞིན་དུ་ལྷག་པར་འཕེལ་བར་གྱུར་ཏོ། །
གཉིས་པ་ནི། མཁས་པའི་འབྱུང་གནས་བཤད་གྲྭ་དུ་མ་རུ། །མཁས་མཆོག་ཕུལ་ཕྱིན་རྣམས་ལ་ལེགས་པར་གཏུགས། །མཁས་མང་དབུས་སུ་མཁས་པའི་གོ་འཕང་བརྙེས། །མཁས་ཀྱང་ཁེངས་པ་ཀུན་བྲལ་ཁྱོད་ལ་འདུད། །ཅེས་པ་སྟེ༑ དེ་ནས་དགུང་ལོ་བཅོ་ལྔ་ཙམ་གྱི་དུས་སུ། དབུས་གཙང་དུ་ཕེབས། ཐོག་མར་གདན་ས་ཆེན་པོ་རྩེརྩེད་ཐང་དུ་བཞུགས། དགེ་བའི་གཤེས་གཉེན་ཤཱཀྱ་བསོད་ནམས་པ་ཞེས་བྱ་བ་དང༌། རྩེསརྩེད་ཐང་གི་ཆེན་པོ་དང༌། དུས་ཕྱིས་གདན་ས་ཐིལམཐིལ་གྱི་མཁན་པོ་མཛད་པའི་མཁས་པ་ཆེན་པོ་བྱང་ཆུབ་སེམས་དཔའ་མཁར་ཐོག་པ་རྒྱལ་མཚན་བཟང་པོ་བ་ལ་སོགས་པའི་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་ལ། མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་འགྲེལ་བཤད་ཆ་ལག་དང་བཅས་པ་རྣམས་དང༌། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་མཁས་པ་ནོར་བཟང་ཀྱི་ཊིཀ་གཙོ་བོར་བྱས་པའི་སྒྲོས་དང་འགྲེལ་པ་འགྲེལ་བཤད་དེ་དག་གི་དོན་བསྡུས་པ་བོད་ཀྱི་བསྡུས་པ་ཆ་ལག་དང་བཅས་པ་ལ་དང་པོར་སྦྱངས་ནས་ལུང་དང་རིགས་པའི་དབང་ཕྱུག་ཆེན་པོར་གྱུར་ཅིང༌། གཞན་ཡང་བྱམས་ཆོས་དང་དབུ་མ་རིགས་པའི་ཚོགས་རྣམས་ལའང་ལེགས་པར་སྦྱངས་པས་མཁས་པའི་དབང་པོ་དུ་མ་འདུས་པ་རྣམས་ཀྱི་དབུས་སུ་གཞུང་ལུགས་ཀྱི་དོན་ལ་མི་འཇིགས་པའི་སྤོབས་པ་ཐོབ། རིང་པོར་མ་ཐོགས་པར་རྩེརྩེད་