R1154: གཙང་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པའི་ཁ་སྐོང་ཡིད་ཆེས་གསེར་གྱི་ལྗོན་པ།

  • Pagination (Witness A): 56
[A:56]པའི་སྒྲོན་མེ་སྦར། བོད་རྒྱལ་བློན་འབངས་བཅས་ཀྱི་བྱ་དཀའ་ཆེན་པོ་ཡོང་ཁར་མུ་སྟེགས་ངན་པའི་བསམ་སྦྱོར་གྱིས་ངེད་རང་ཚེའི་དུས་བྱས་པས་རྔོ་མ་ཐོག་ཅེས་དང༌༑ ༑ཇོ་བོའི་གསུང་ལས། བརྩོན་སེང་འཇའ་ཚོན་དཀར་པོ་ཞིག།བོད་ཀྱི་ཕྱོགས་སུ་སོང་ངོ་ཞེས། །དབུ་རུ་སྟོད་ཀྱི་ཕྱོགས་སུ་སོང༌།། རྗེས་འབྲངས་ཐམས་ཅད་འཕགས་པ་སྟེ། །ཞེས་སོགས་དང༌། སྐྱེ་བ་འདི་ལ་ཨ་ཏི་ཤའི་རིང་ལུགས་ལ་མཁས་བཙུན་བཟང་གསུམ་ལ་རྨ་མེད་པའི་བགྱི་བ་ཕུལ་དུ་ཕྱིན་པའི་ཁུལ་ཡིན་ཀྱང་འཕྲིན་ལས་ཀྱི་བགོ་སྐལ་ཆེ་བ་ཞིག་མ་བྱུང༌། མདོ་ཏིང་ངེ་འཛིན་རྒྱལ་པོའི་སྙིང་པོའི་དགོང་དོན་གྱི་བསྟན་པ་ལ་བྱ་བ་བྱེད་པ་ཞིག་དབུ་རུ་སྟོད་ཀྱི་ཕྱོགས་སུ་སྐྱེ་བའི་འཕྲེང་བ་འཛིན། ཅེས་པ་དང་ཇོ་བོས་དབུ་རུ་སྟོད་ཀྱི་ཕྱོགས་སུ་སོང༌། ཞེས་པ་དང་སྐབས་འདིའི་ལུང་བསྟན་གུང་འགྲིགས་པར་སྣང༌། སྲིན་རལ་གྱི་ཁོ་བོ་ཆོས་འཁོར་གྱི་གདན་ས་འགོག་པའི་ཆེད་དུ་དྲུང་ཀུན་བཟང་པ་དང༌། གཙང་སྟོན་ཚུལ་རྒྱལ་བསྐོ་བཞག་མཛད་པ་དེ་གཉིས་མཁས་པ་ཕུལ་དུ་ཕྱིན་པ་ཡིན་ཀྱང་བླ་མ་གོང་མ་རྣམས་ཀྱི་གདན་སའི་འོས་སུ་མ་གཏད་པས་སྔ་མས་གདན་ས་ལོ་གཉིས་དང་ཕྱི་མས་ལོ་གཅིག་ལས་མཛད་རྒྱུ་མ་བྱུང༌། ལུང་བསྟན་མ་ཟིན་ཅེས་རྗེའི་ཞབས་འབྲིང་དུ་གཉུག་མར་གནས་པ་གནས་བརྟན་ཆོས་གྲགས་ལས་དངོས་སུ་ཐོས། དེ་སྐབས་རྩེད་གདོང་དུ་བཞུགས་སྐབས་འཁོན་གྱི་གདུང་བརྒྱུད་བདག་པོ་ནམ་མཁའ་ལེགས་ཀྱི་ཐུགས་རྗེས་ཀྱང་ཤིན་ཏུ་འཛིན་ཅིང་དཔལ་ལྡན་ས་སྐྱའི་གྲུབ་རིགས་སོ་སོར་འཐེན་ཕྱོགས་མང་བས་བརྟག་གཉིས་ཀྱི་རྒྱུད་བཤད་མི་ཐུབ། ཟླ་བའི་བཤད་སྲོལ་དང་མཐུན་པའི་དགོན་གནས་ཤིག་ངེད་རང་གི་ཁུལ་ཉེ་སྐོར་དུ་བཏབ་དགོས་ཕེབས་པ་ནས་རིན་ཆེན་སྒང་གི་དགོན་པ་བསྲིངས་ལོ་གསུམ་ལ་