[A:60]གྱུར་པའི་ངངས་ཚུགས་ཀྱི་ཆོས་སྡེ་འདེབས་དགོས་ཚུལ་ནན་དུ་གསོལ་བར་བརྟེན་ཤིང་ལུག་ཟླ་བ་བརྒྱད་པའི་ཚེས་བཅུ་གསུམ་ལ་ཐར་གླིང་ཆོས་སྡེ་ཆེན་པོའི་འགྲམ་བསྟིང་ལོ་གཉིས་ངལ་མཐའ་གཙང་བར་གྲུབ་ཅིང་མངའ་རིས་ལོངས་སྤྱོད་ཀྱི་སྟེང་ནས་དགེ་འདུན་ཉིས་བརྒྱ་སྐོར་གྱི་མཆོད་གཞིས་འབྱོར་འཇགས་ཕུལ། ཆོས་འཁོར་དུ་ཕེབས་ཚོགས་པ་ཀུན་ལ་དུས་འཁོར་རྒྱུད་འགྲེལ་གསུངས་པའི་དུས་ལྷས་མེ་ཏོག་གི་ཆར་བབ་པ་ན་ཀ་ལིའི་ནང་དུ་འཛིན་ཐུབ་པ་བྱུང༌། སྤྲེའུའི་ལོའི་དགུན་སྟོད་ས་གཡོ་བ་དང་ལྟས་ཁྱད་པར་ཅན་མང་དུ་བྱུང༌། །གློ་བུར་དུ་མཆོད་པ་རྒྱས་པ་ཤོམས་གསུངས། དྲུང་ན་གནས་པ་དག་གིས་དུས་བཟང་བ་འཇམ་དཔལ་རྡོ་རྗེ་འདི་ཡིན་ནམ་ཞུས་པས་ཤམ་བྷ་ལ་ནས་རིགས་ལྡན་སེང་གེ་མདུན་གྱི་ནམ་མཁར་ངེད་རང་བསུ་བར་བྱོན་འདུག་གསུངས། ད་ཆོས་དོན་དུ་གཉེར་ན་རེམ་ལས་གྱིས། ཧ་ཧ་གསུངས། དཔལ་གསང་བ་འདུས་པ་གདུལ་བྱའི་ངོར་དྲག་པོའི་སྐུར་བཞེངས་པ་གཉན་མགོན་ཞལ་བཞི་པ་ཆེན་པོ་རྗེ་ཉིད་ཀྱི་བྲན་དུ་ཁོལ་ཞིང་གཏོར་བསྔོས་དངོས་སུ་ལེན་པ་ཀུན་ལ་གྲགས་ཤིང་གྲུབ་པ་ལས། གཞན་དོན་ལ་དགོང་པ་གཏད་པ་ཙམ་ནས་གཏོར་བསྔོས་ལེན་པར་བསྐྱེངས་པའི་ཕྱིར་འཐེན་བྱེད་པ་ཞིག་བྱུང་བས། རྗེའི་གསུང་ལས་འཆི་བ་ཡོང་བ་ང་རང་གིས་ཤེས། སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དམ་ཚིག་སྙིང་གི་ཐིག་ལེར་གནས་པ་བྱོས་ཤིག། ཅེས་བཀའ་བསྒོ་བས་སྐྱེངས་པའི་ཚུལ་གྱི་ངང་ནས་དར་ཅིག་གི་བར་རྗེའི་ཞལ་རས་ལ་བལྟ་འདུག་པ་ལས་མི་གསར་བུ་གཅིག་བྱུང་བས་མི་སྣང་བར་གྱུར། སླར་ཡང་ཡར་འབྲོག་པས་སྤྱན་དྲངས། མེ་མོ་བྱ་ལོ་ཟླ་བ་བདུན་པ་ནས་དགུ་པའི་བར་རྒྱལ་བུ་ལྷུན་གྲུབ་བཀྲ་ཤིས་དང་ཐར་གླིང་གི་དགེ་འདུན་ཁྱིམ་བདག་སོགས་