R1154: གཙང་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པའི་ཁ་སྐོང་ཡིད་ཆེས་གསེར་གྱི་ལྗོན་པ།

  • Pagination (Witness A): 59
[A:59]ལམ་ཆེ་བ་འདུག་པ་བཞིན། ད་ལམ་ཀྱང་རྗེ་ཉིད་ནས་དགོངས་པ་གང་གཏད་མ་གཏོགས་སོ་སོས་འོས་འཐུ་འབུལ་བ་བློའི་ཡུལ་ལས་འདས། འོན་ཀྱང་རྗེ་ཉིད་སྐུ་ན་དེ་ཙམ་གྱིས་བགྲེས་པ་ལ་མ་ཐུག་པས་ལོ་ཤས་གནང་འགབ་པའི་སྙན་སྒྲོན་འཐད་པར་གསོལ་བས་གཉན་མགོན་ཆེན་པོས་བསྐུལ་ལུགས་ཀྱིས་ངེད་རང་ཚང་མས་དཀོན་མཆོག་ལ་གསོལ་བ་བཏབ་ནས་མྱུར་སྟབས་སུ་འཁོད་པ་དགོས་པ་གསུངས༑ གཟིམ་ཁང་བདེ་བ་ཅན་དུ་སྐུ་མཚམས་ལ་བཞུགས་སྐབས་སྔར་གྱི་ཨ་ཙརྱ་དེ་བྱུང་ནས་སཾ་སྐྲྀ་ཏའི་སྐད་ལས་ཤ་ར་བ་ཆོས་ཀྱི་དཔལ་འབྱོར་ཞེས་འདི་བུ་ཆོས་སུ་ལི་ཡུལ་རྒྱལ་པོ་དགེ་བ་དཔལ་གྱི་སྤྲུལ་པར་གྲགས། གསུངས། མི་སྣང་བར་གྱུར་ཅེས་ལུང་བསྟན་གྱིས་གསལ་བས་མཁས་པ་དང་མཁས་རློམ་ཐམས་ཅད་ང་རྒྱལ་དང་རེ་དོགས་བྲལ། རྗེ་ཆོས་ཀྱི་དཔལ་འབྱོར་རྟ་ནག་དགེ་སྦྱོང་དཀར་པོའི་གདུང་རིས་ཕུན་སུམ་ཚོགས་པ་དང༌། ཁྱད་པར་དགེ་བའི་བཤེས་གཉེན་ཤ་ར་བའི་རྣམ་འཕྲུལ་དུ་ངེས་པ་དང་སྦྱང་ཡོན་ཀྱང་མཐར་སོན་པའི་ཚུལ་བསྟན་པས་ཧོར་ཟླ་ལྔ་པའི་ཚེས་བཅུ་གཟའ་སྐར་ཚེས་བྱེད་སྦྱོར་བཟང་བའི་ཉིན་ལོ་ཆེན་སྐྱབས་མཆོད་དཔལ་བཟང་པོ་ནས་བཟུང་མཁས་ཤིང་གྲུབ་པ་རིམ་པར་བྱོན་པའི་མི་འཇིགས་པའི་སེང་གེའི་ཁྲི་ལ་མངོན་པར་འཁོད་དེ། རྗེ་སྟ་ཚང་པ་ཆེན་པོའི་སྒྲ་དང་སྒྲུབ་པའི་བཤད་སྲོལ་གང་ཡོད། གའུ་མེ་བཟང་པོ་ལྟར་འཁྱོན་པའི་ཆོས་ཀྱི་འཁོར་ལོ་ཆེན་པོའམ་འཁོར་ལོ་གསུམ་གྱི་སྒོ་ནས་ཆོས་འཁོར་གྱི་བསྟན་པ་དར་ཞིང་རྒྱས་པ་དང༌། སྔར་སོན་ནས་བོ་དོང་ཕྱོགས་ལས་རྣམ་རྒྱལ་རྗེ་སྟག་ཚང་པ་དཔོན་སློབ་འབྲེལ་ལམ་ཤིན་ཏུ་ཆེ་བའི་འཁྱུད་ལམ་དང་བསྟུན། ཡར་འབྲོག་ཁྲི་དཔོན་རྒྱལ་བུ་ལྷུན་གྲུབ་བཀྲ་ཤིས་དང་རྗེ་བཙུན་སྟག་ཚང་པ་མཆོད་ཡོན་ལྷད་མེ་