R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 65a
[A:65a]དང་ལུང་ཁུང་མེད་པ། གསེར་གྱི་བྱེ་མ་བདལ་བ། དེར་སྐྱེས་པའི་སེམས་ཅན་ཐམས་ཅད་ཀྱང་དུག་གསུམ་མེད་ཅིང་ལོངས་སྤྱོད་ལྷུན་གྱིས་གྲུབ་པ། བུད་མེད་དང་ཉན་རང་མེད་པ་
ཐེག་པ་དམན་པའི་སྒྲ་ཡང་མི་གྲག་པ། དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་གོ། དེར་བདག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་པདྨའི་ནོར་བུ་ཞེས་བྱ་བར་འཚང་རྒྱ་སྟེ། འཁོར་བྱང་ཆུབ་སེམས་དཔའ་འབའ་ཞིག་ལ་ཐེག་པ་ཆེན་པོའི་ཆོས་སྟོན་ཏོ༎ སྟོན་པ་དེའི་ཕྱག་ཞབས་ཀྱི་སོར་མོ་རེ་རེ་ལས་པདྨ་རེ་རེ་འབྱུང་ལ་དེ་རེ་རེ་ལས་
ཀྱང་པདྨ་བྱེ་བ་ཕྲག་ཐེར་འབུམ་འབྱུང་ཞིང་། དེ་རེ་རེའི་ནང་ན་སངས་རྒྱས་སྤྲུལ་པའི་སྐུ་བྱེ་བ་ཕྲག་ཐེར་འབུམ་བྱུང་ནས་སེམས་ཅན་དཔག་ཏུ་མེད་པ་ལ་ཐེག་པ་ཆེན་པོའི་ཆོས་བསྟན་ཏེ་གྲོལ་བར་མཛད་དོ༎
ཞེས་རང་གཞན་གྱི་སྐྱེ་བ་འདས་མ་འོངས་མང་པོ་ལུང་བསྟན། ཕོ་བ་ལུང་ཕུག་ཏུ་བསྙུང་བ་མི་མངའ་བར་དབྱུ་གུ་ཟླ་བའི་ཚེས་བརྒྱད་ལ་སྐུ་གདུང་རིང་བསྲེལ་གྱི་ཕུང་པོ་ཅན་བཞག་སྟེ་ཆོས་ཀྱི་སྐུར་ཐིམ་མོ༎ ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ།
བླ་མ་འདི་ལ་སློབ་མ་ཡང་མཆོག་ཏུ་གྱུར་པ་ནི། ཁྲོ་ཕུ་ལོ་ཙཱ་བ། དགེ་བཤེས་རྨ་བྱ་བ། ཆོས་རྗེ་འཇམ་གསར་བ། བོ་དོང་རིན་རྩེ། ལྷོ་པ་ཆོས་ལྡན་དང་ལྔ་ལས། བླ་མ་ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ་