R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 65b
[A:65b]ནི། སྔར་པཎ་གྲུབ་མང་དུ་བསྟེན་པས་ཆོས་ཀྱི་མངའ་བདག་ཏུ་གྱུར་ནས། ཆོས་འདི་ལ་ལྷག་པར་མོས་པས། སེ་མོ་ཆེ་བ་སྨོན་མཁར་གནས་སུ་གདན་དྲངས་ཏེ། སྦྱོར་དྲུག་གི་ཁྲིད་ཕྲན་དང་བཅས་པ་གསན།
ལོ་ཙཱ་བའི་སྐུ་ཚེའི་ཚད་དང་ཁྲོ་ཕུའི་དར་རྒུད་ལ་སོགས་པ་ལུང་བསྟན་པས་མཆོག་ཏུ་གུས་ཤིང་བསྔགས་པ་ཆེ་བར་མཛད་དོ༎ ༎ ༨ ཆོས་རྗེ་འཇམ་དབྱངས་གསར་མ། ཆོས་རྗེ་འཇམ་གསར་བ་ནི་ཡུལ་ཉད་རོའི་སྐྱུར་བོར།
ཡབ་སློབ་དཔོན་དཔལ་ཆེན་ཞེས་པ་ལ་སྲས་གཉིས་འཁྲུངས་པའི་ཆུང་ཤོས་ཡིན། མཚན་ཇོ་སྲས་བློ་བདེ་ཞེས་པ་མིག་འཁྲུལ་དང་ལུགས་ཀྱི་བསྟན་བཅོས་མཐའ་དག་ལ་མཁས་ཤིང་། སྐྱེས་སྟོབས་ཕུལ་
དུ་བྱུང་བས་བྱིས་པའི་དུས་ནས། གཙང་ནག་པའི་འགྲེལ་པ་ལ་ཐུན་ཉན་བྱས་ཏེ་ཕར་ཕྱིན་ལ་སློབ་གཉེར་བྱས། ཡབ་དང་མཆེད་འདས་པ་ལ་བརྟེན་ནས་འཁོར་བ་ལས་ཡིད་བྱུང་སྟེ། ཆུ་མིག་ལུང་དུ་སངས་
རྒྱས་ལམ་པའི་དྲུང་དུ་རབ་ཏུ་བྱུང་། མཚན་ཤེས་རབ་འོད་ཟེར་དུ་བཏགས། ཆོས་དུས་སུ་སློབ་དཔོན་བསེ་དམར་པ་ལ་ཕར་ཕྱིན་གསན་ཅིང་། ཆོས་བར་ལ་མཁན་པོ་ལ་བསླབ་བྱ་དང་། བདེ་མཆོག
ཕག་མོ། ཕྱག་ཆེན་གསན། དཀའ་ཐུབ་ལ་རྒྱུན་དུ་གནས་པས་ལུས་སྦྱངས། སྐབས་དེར་ཤིག་ནད་དྲག་པོ་བྱུང་བ་ལ་བཟློག་སྒོམ་མཛད་ཅིང་སྐུ་ལུས་སྦྱིན་པར་བཏང་བས་ཟུག་རྔུ་ལ་བརྟེན་ནས་ཐུགས་