[A:66b]སྐྱོང་ན་གཉལ་ཞིག་མིན་གསུངས་ནས་དམ་བཅའ་ཁས་བླངས། རྗེ་འདིས་འདི་མ་ཁེགས་ན་གཙང་སྟོན་མིན་ཞུས་ཏེ། ཕྱོགས་ཆོས་དཔེ་ལ་འགྲོ་མི་འགྲོ་ལ་ཉི་མ་གསུམ་དུ་མུན་སྲོས་སྲོས་ཀྱི་བར་དུ་བགྲོ་
གླེང་མཛད་པས་རྗེ་འདི་རྒྱལ། གཉལ་ཞིག་གིས་དེའི་ནུབ་མོ་ཇ་བཟང་པོ་ཞོ་ཉི་ཤུའི་མང་བསྐོལ་བྱས། དར་ཡུག་ཅིག་བཏང་སྟེ། འདི་ལ་ང་འཇམ་དཔལ་དང་མཉམ་པ་ཡིན་སྙམ་པ་ཡོད་དེ། ང་བས་ཀྱང་ཁྱེད་
ཤེས་རབ་ཆེ་བར་འདུག་པས་འཇམ་དཔལ་རང་དུ་གདའོ༎ གསུངས་པས་འཇམ་དཔལ་གསར་མར་མཚན་གྲགས་ཏེ། སྙན་པའི་བ་དན་གྱིས་ཀུན་ཏུ་ཁྱབ། གཉལ་ཞིག་བུ་དགུའི་ཡ་གྱལ་དུ་གྲགས། དེར་
ཚད་མ་རྡོ་རྗེ་ཕྲེང་བ་མཛད་ནས་གཙང་དུ་བྱོན་པ་དང་། སློབ་དཔོན་བསེ་དམར་བ་གྲོངས་འདུག་པས་ཐུགས་སྐྱོ་སྟེ། ཡུལ་ཞིང་རྣམས་ཕག་ཏུ་བཙོངས་ནས་སློབ་དཔོན་གྱི་དགོངས་རྫོགས་ལ་བཏང་། ས་
ལམ་གྱི་རྣམ་གཞག་མེ་ཏོག་ཕྲེང་བ་མཛད། ཐར་བ་གླིང་དུ་བྱོན་ནས་དཔྱལ་ཆོས་བཟང་ལས་ལོ་ཙཱ་བསླབས། དེ་ནས་འདོལ་ཆུང་དང་། རྐྱང་འདུར་དུ་བཞུགས་ནས་གྲྭ་བ་ཕྱེད་དང་ཉི་བརྒྱ་ལ་ཕར་ཚད་
ཀྱི་ཊཱི་ཀ་མཛད་ནས་གསུངས། ཁྲོ་ཕུ་ལོ་ཙཱ་བ་དང་། དཔྱལ་ཀུན་དགའ་སྙིང་བོ་དང་། སྣར་ཐང་པ་གྲོ་ཆེན་པོ་དང་། ཞང་ཆོས་བླ་དང་བྱ་མོ་ཁུང་པ་རྣམས་ལའང་དབང་རྒྱུད་གདམས་ངག་མང་པོ་དང་ས་སྡེ་