R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 67a
[A:67a]སོགས་གསན། ཁ་ཆེ་པཎྜི་ཏ་ཤཱཀྱ་ཤྲཱི་ལ་དབང་དང་གདམས་པ་མང་པོ་གསན་ཞིང་། ལོ་ཙཱ་མཛད་དེ། ཨུ་རྒྱན་སྒྲོལ་མའི་སྒྲུབ་ཐབས་སོགས་བསྒྱུར། ཀོ་བྲག་པ་ལ་
ལམ་འབྲས་གསན་པས་ཐུགས་སྣང་འགྱུར་ཏེ། སྐུ་མཚམས་དམ་པོ་ལ་བཞུགས་དུས་རྡོ་རྗེ་ལུས་ཀྱི་རྩ་གནས་མངོན་སུམ་དུ་གཟིགས། འཇམ་དཔལ་ངག་གི་དབང་ཕྱུག་མཇལ་བ་ལ། བདག་གི་
བླ་མ་དང་གདམས་ངག་སྒོམ་པ་གང་ལེགས་ཞུས་པས། སེ་མོ་ཆེ་བ་ལ་དུས་འཁོར་དང་སྦྱོར་དྲུག་ཞུས་ནས་ལམ་མྱུར་དུ་བགྲོད་པར་འགྱུར་ཞེས་ལུང་བསྟན་ཐོབ་སྟེ། སེ་མོ་ཆེ་བ་དེ་གཡས་རུ་གྲོང་ཆུང་ན་སྤྲུལ་
སྐུ་ཇོ་འབུམ་མཁའ་སྤྱོད་དུ་བྱོན་པའི་ཆོས་འཁོར་མཛད་པའི་སྐབས་སུ་དེར་འབྱོན་པར་བརྩམས་པ་ན། གནོད་སྦྱིན་ཆེན་པོ་བདུན་གྱིས་གཙོས་པའི་སྣང་སྲིད་ཀྱི་ལྷ་འདྲེ་མང་པོས་མེ་འོད་དང་འཇིགས་པའི་
གཟུགས་སྟོན་པ་དང་སྒྲ་དྲག་པོ་སྒྲོག་པ་དང་། རྡོ་ཆར་འབེབས་པ་སོགས་ཆོ་འཕྲུལ་མང་པོ་བསྟན་པས། དངོས་གྲུབ་སྟེར་བའི་ཡི་དམ་ལྷ༎ གནོད་པར་སེམས་པའི་འདྲེ་གདོན་གཉིས༎ མི་བདག་ལ་
རོ་མཉམ་ཁྱད་པར་མེད༎ ལྷ་འདྲེ་གང་དགའ་མ་དགར་ཤོག། གཉེན་པོ་ཐོས་བསམ་སྒོམ་གསུམ་དང་༎ སྤང་བྱ་ཉོན་མོངས་རྣམ་རྟོག་རྣམས༎ མི་བདག་ལ་རོ་མཉམ་ཁྱད་པར་མེད༎ ཉམས་བཟང་ངན་གང་འགའ་མ་དགར་ཤོག། འཁོར་བརྒྱ་