R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 68a
[A:68a]འབྲས་བུ་ཐམས་ཅད་བླ་མ་སངས་རྒྱས་ཀྱི་དྲུང་དུ་སྒྲོ་འདོགས་བཅད་ཟིན་པས་ཆོས་ནི་མ་ཞུས་གསུངས། རྡོ་རྗེ་ཐེག་པ་མཆོག་གི་ལམ་ཞུགས་ཀྱང་༎ ལས་དང་ཡེ་ཤེས་
ཕྱག་རྒྱ་རྩ་རླུང་དང་༎ ཕྲ་མོ་ཐིག་ལེ་ལ་སོགས་བསྒོམ་པ་ཡང་༎ ཐུན་མོང་དངོས་གྲུབ་འགྲུབ་ཀྱིས་མཆོག་མིན་གསུངས༎ པཎ་ཆེན་རྣམས་དང་གྲུབ་ཆེན་གྲངས་མེད་དང་༎ བོད་ཡུལ་གསང་སྔགས་
སྤྱོད་པ་འབུམ་གྱིས་ཀྱང་༎ སངས་རྒྱས་རྣམས་ཀྱི་རྡོ་རྗེའི་ཉེ་ལམ་མཆོག། རྒྱུད་ཀུན་ལ་སྦས་བལྟས་པས་རྙེད་མ་ཡིན༎ བླ་མེད་རྒྱུད་བསྟན་རྡོ་རྗེ་རྩེ་བསྟན་གྱི༎ རྒྱལ་པོའི་ཕོ་བྲང་མཐའ་དྲུག་ཚུལ་
བཞིའི་སྒོ༎ ལེགས་བསྡམས་རྡོ་རྗེ་ཚིག་གི་སྒོ་ལྕགས་བཅུག། གསང་འཛིན་ཆེན་པོ་རྣམས་ཀྱིས་ལྡེ་མིག་སྦས༎ རིགས་གསུམ་མགོན་དང་དེ་རྣམས་རྗེས་འབྲངས་པའི༎ འགྲེལ་པ་རྡོ་རྗེའི་སྒོ་
འབྱེད་ལྡེ་མིག་གིས༎ དུས་འཁོར་རིན་ཆེན་བང་མཛོད་སྒྲོ་གླེགས་ཕྱེ༎ རྒྱུད་ཀུན་དགོངས་པ་སྦྱོར་དྲུག་ཉིད་ཡིན་པར༎ སྐལ་ལྡན་བླ་མ་རྣམས་ཀྱིས་རྟོགས་པར་གྱུར༎ དངོས་གྲུབ་ཀུན་འབྱུང་རིན་ཆེན་སྣ་ཚོགས་
དང་༎ སྦྱོར་དྲུག་ཡིད་བཞིན་ནོར་བུ་དངོས་སུ་གནང་༎ རྩོད་ལྡན་ཤིན་ཏུ་མྱུར་བར་སངས་རྒྱ་བའི༎ ཟབ་ལམ་འདི་ནི་བླ་མའི་མན་ངག་དང་༎ རྒྱལ་སྲས་འཕགས་པ་རྣམས་ཀྱི་རྒྱུད་འགྲེལ་ལས༎ བསོད་