[A:67b]དང་སྟོང་གིས་བསྐོར་བ་དང་༎ རང་གཅིག་པུ་གང་བདེར་ཉལ་བ་གཉིས༎ མི་བདག་ལ་རོ་མཉམ་ཁྱད་པར་མེད༎ འཁོར་མང་ཉུང་གང་གིས་བསྐོར་བ་དང་༎ ཚེ་རིང་ནད་མེད་ཕུན་ཚོགས་དང་༎ དུས་ད་ལྟ་ཉིད་དུ་འཆི་བ་གཉིས༎ མི་བདག་ལ་རོ་མཉམ་ཁྱད་པར་མེད༎
ཚེ་རིང་ཐུང་གང་གིས་བསྐོར་བ་དང་༎ ཅེས་སོགས་ཆོས་བརྒྱད་རོ་སྙོམས་པའི་མགུར་གསུངས་པས་ཞི། གཙང་གཞུང་ལ་ཡར་བྱོན་ཙ་ན། ནམ་མཁའ་ཐམས་ཅད་སངས་རྒྱས་བྱང་སེམས་ཀྱིས་གང་བའི་སྣང་བ་བྱུང་། སེ་མོ་ཆེ་
པ་དང་མཇལ་མ་ཐག་བླ་མ་དེ་ཉིད་ཕྱག་ན་རྡོ་རྗེ་དངོས་སུ་གཟིགས་ཏེ་སྣང་བ་འགྱུར་བའི་མོས་གུས་ཚུད་འབུལ་ནོད་རྒྱ་ཆེན་པོ་མཛད་དེ། སྦྱོར་དྲུག་ཞུས་པས་སྔོན་འགྲོའི་ཁྲིད་ཚར་བ་དང་མཆོག་དབང་
གོང་མ་བསྐུར་ནས་སོར་བསམ་གནང་སྟེ་བསྒོམས་པས། སྔར་གྱི་ཆོས་ཀྱི་གོ་བ་ཚོ་སྤུན་སྐོགས་བཞིན་དུ་བུད། ཞག་གཅིག་ན་བསམ་གཏན་གྱི་དྲོད་དང་རྟགས་རྣམས་བྱུང་སྟེ་ཡིད་ཆེས་གསུངས་ཐོབ་ནས།
སླར་ཡང་རྐྱང་འདུར་དུ་བྱོན་དབྱར་ཆོས་གྲོལ་ནས། བོ་དོང་རིན་རྩེ་སོགས་སློབ་མ་བཅུ་དང་ལྷན་ཅིག་དུས་འཁོར་གསན་དུ་བྱོན་ཏེ། ཞག་བཅུ་གསུམ་ལ་དབང་རྫོགས་པར་ཐོབ་ནས། ཟླ་བ་བཞིའི་བར་
དུ་རྒྱུད་འགྲེལ་མན་ངག་དང་བཅས་པ་མ་ལུས་པར་མནོས། དེ་ནས་རྐྱང་འདུར་དུ། ཐུབ་པའི་དབང་པོ་འཁོར་དང་བཅས་པ་ཞལ་གཟིགས་པ་ལ། ཡན་ལག་བདུན་པ་ཞིག་ཕུལ། སངས་རྒྱ་བའི་རྒྱུ་ལམ་