R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 69b
[A:69b]ངན་དཔལ་དུ་ཤར༎ སྤྲོས་བྲལ་རྣམ་དག་གདོད་ནས་གནས་པའི་དོན༎ ཁྲིད་དང་ངོ་སྤྲོད་གདམས་ངག་མ་བསྟན་པར༎ ལོ་བརྒྱད་བྱིས་པའི་དུས་ནས་གསལ་བར་མཐོང་༎ གནས་ལུགས་དོན་གྱི་
སྒྲོ་འདོགས་ལེགས་པར་བཅད༎ ཆུ་འཐུང་རྡེ་འཆའ་བདུད་རྩིའི་བཅུད་ལེན་ལ༎ ལོ་བརྒྱད་བར་དུ་དཀའ་སྤྱད་སྣ་ཚོགས་བྱས༎ བྱང་ཆུབ་འདོད་པས་ལུས་སྲོག་ཐེད་ལ་བོར༎ ཟབ་མོའི་གདམས་
པས་བདེ་སྡུག་ལམ་དུ་ཁྱེར༎ ས་གཞིའི་ཁྲི་སྟེང་ནམ་མཁའི་བླ་རེས་བརྒྱན༎ བྱིན་པའི་སྟན་གཏིང་ལག་ངར་རྔས་སུ་བཅུག། འདོད་ཡོན་ཀུན་སྤངས་སྤྲང་བོའི་ཆ་བཟུང་སྟེ༎ ལང་ཚོའི་གཟི་
འོད་དཀའ་སྤྱད་དྲག་པོས་བཅོམ༎ ཕ་ཡུལ་ཉེ་དྲུང་བདེ་སྐྱིད་བློས་སྤངས་ཏེ༎ བྱང་ཆུབ་བསྒྲུབ་ཕྱིར་བཀྲེས་སྐོམ་སྣ་ཚོགས་མྱོང་༎ སྡུག་བསྔལ་བཤད་ན་དགྲ་ཡང་མཆི་མ་འཆོར༎ གཞོན་པའི་
མེ་ཏོག་རྒས་པའི་སད་ཀྱིས་བཅོམ༎ སྲོད་ཀྱི་ཁ་ཏོན་འདོན་དང་གསོལ་བ་གདབ༎ ཉིན་ཕྱེད་སྡེ་སྣོད་རྒྱུད་སྡེ་ཀུན་ལ་བལྟས༎ ཕྱི་དྲོ་ཕྱག་དང་གཏོར་མ་ལ་སོགས་བྱས༎ འཁོར་བའི་གནས་འདིར་ཁོ་བོས་