[A:70a]ནོམ་པ་སྤྱད༎ སྔོན་འགྲོ་སྐྱབས་འགྲོ་སེམས་བསྐྱེད་མཎྜལ་ཕུལ༎ དངོས་གཞི་སེམས་དཔའ་གསུམ་གྱི་ཉམས་ལེན་བྱས༎ རྗེས་ལ་དམིགས་མེད་ཟབ་དང་རྒྱ་ཆེར་བསྔོས༎
ཚེ་ཐུང་འདི་ལ་སྟོང་ལོག་མ་བྱས་སོ༎ ཆོས་པའི་སོ་ནམ་ཡིན་པས་ཐོས་བསམ་བྱས༎ ཆོས་ཀྱི་རྩ་བ་ཡིན་པས་གནས་ལུགས་བསྒོམས༎ ཆོས་ལ་འབྲས་བུ་དགོས་པས་སྨོན་ལམ་བཏབ༎ སྒོ་གསུམ་ཐ་མལ་ནམ་
ཡང་མ་བཞག་གོ། ཐོག་མར་འཆི་བས་འཇིགས་པས་བླ་མ་བཙལ༎ བར་དུ་འཆི་ཕྲོད་དགོས་པས་ཉམས་ལེན་བྱས༎ ཐ་མར་འཆི་རྒྱུ་མེད་པས་ཉལ་ནས་བསྡད༎ མི་རྒན་ང་ཡི་ཉམས་ལེན་རྣམ་ཐར་ཡིན༎ བདག་
ལ་བསྒོམས་དང་མ་བསྒོམས་ཁྱད་མེད་ཅིང་༎ བདེ་སྡུག་སྐྱེ་འཆིའི་འདུ་ཤེས་ཟད་གྱུར་ཀྱང་༎ གཞན་རྣམས་བློ་སྣ་བརྟུང་ཕྱིར་དབེན་པར་འགྲོ། བདག་ལ་སོམས་ལ་སྒྲུབ་པ་མཛད་པར་ཞུ༎ ཞེས་སོགས་
བསླབ་བྱ་ཞལ་ཐེམས་ཀྱི་ཡི་གེ་རྐྱང་འདུར་དང་འབོབ་ཆུང་གི་ཀ་བ་ལ་སྦྱར་ནས། དཔོན་སློབ་གཉིས་ནམ་ལ་བཞུད་དེ། རྒྱ་ནག་རི་བོ་རྩེ་ལྔར་ཐེགས་ནས་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས། སློབ་མ་རྣམས་ཀྱིས་
ཕྱོགས་ཀུན་ཏུ་ཚོལ་དུ་ཕྱིན་པས་ལོ་མང་རབ་ན་རྙེད་དེ། སློབ་མ་དབུ་ཆེན་དང་དཔོན་ཆེ་བས། གདན་འདྲེན་རྟ་བ་མང་པོ་རྒྱ་ནག་ལ་བརྫངས་ཏེ། རི་བོ་རྩེ་ལྔར་ཕྱིན། ཁྱེད་བོད་ཡུལ་དུ་མི་འབྱོན་ན། ངེད་རྣམས་