R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 71a
[A:71a]ཐོབ་ཀྱི་རྒྱལ་པོ་གསེར་སྡིངས་པ་གཞོན་ནུ་འོད་དང་། ཡུམ་འགར་བཙུན་མ་ཤེས་རབ་རྒྱན་གྱི་སྲས་སུ་སྐུའི་སྐྱེ་བ་བཟུང་། གཡའ་མ་རིའི་གཙུག་ལག་ཁང་གི་འདབས་སུ་ཡུམ་གྱི་མིང་
པོ་འགར་གྲགས་པ་དབང་ཕྱུག་དང་། སྦྲུམ་མ་སྐྱོང་དུ་བཅུག་ནས། ཤིང་ཕོ་ཁྱི་ལོའི་སྟོང་འབྲིང་ཉི་མ་སྒྲ་གཅན་གྱིས་བཟུང་བ་དང་དུས་མཚུངས་པར་སྐུ་བལྟམས། ཡུམ་གྱིས་མཚན་བདག་མེད་རྡོ་རྗེར་བཏགས།
ཡུམ་གྱི་ལད་མོ་བྱས་པས་ཡི་གེ་འདྲི་ཀློག་དང་། ཆོས་སྤྱོད་ཀྱི་ཁ་ཏོན་རྣམས་ཚེགས་མེད་པར་མཁྱེན། དེ་ནས་གསེར་སྡིངས་སུ་བླ་མ་དགེ་འདུན་ལ་བསྙེན་བཀུར་ཏེ། བཟོད་པ་གསོལ་ནས་གསེར་སྡིངས་པ་
ཆེན་པོའི་དྲུང་དུ་ཞང་པོ་དང་ལྷན་ཅིག་ཆོས་ཉན་པ་ན། ཤིན་ཏུ་གཞོན་པས་རྩེ་ཐབས་འབའ་ཞིག་གིས་དུས་འདའ་པ་གཟིགས་ཏེ། བདག་མེད་རྡོ་རྗེ་ཁྱོད་ཀྱི་རྩེད་མགོ་དང་། ངའི་ཆོས་མགོ་འཛུགས་པ་དུས་མཉམ་
དུ་བྱེད་པས། ང་དང་ཆོས་ལ་མ་གུས་པ་ཞིག་གམ། ཞེས་བཀའ་བསྐྱོན་པས་ཆོས་རྣ་བས་ཉན་ཅིང་རྩེ་ཐབས་རྐང་ལག་གིས་བྱེད་པ་ལ་འགལ་བ་ཅི་མཆི། ཆོས་གསུངས་པ་རྣམས་འདི་དང་འདིའོ་ཞེས་ལྷག་
ཆད་མེད་པར་སྐྱང་བས། ཀུན་གྱིས་འདི་ནི་སྤྲུལ་པ་ཞིག་གོ་ཞེས་ཡ་མཚན་དུ་སྒྲོག་ཅིང་སྔོན་གྱི་གནས་རྗེས་སུ་དྲན་པའི་ཚུལ་བརྗོད་པས་པཎ་ཆེན་ཤཱཀྱ་ཤྲཱིའི་སྤྲུལ་པར་ཀུན་གྱིས་ཤེས་སོ༎ བླ་མ་ཡང་དགྱེས་