R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 70b
[A:70b]དུས་གཅིག་ལ་ལྕེབ་པའི་མནའ་ཕུལ་བས། ཐུགས་རྗེས་དགོངས་ནས་བོད་དུ་བྱོན། ལམ་རྣམས་སུའང་འགྲོ་བ་དཔག་ཏུ་མེད་པའི་དོན་མཛད། སླར་རྐྱང་འདུར་དུ་ཕེབས་པ་ན། དབུས་གཙང་ཁམས་གསུམ་
གྱི་བུ་སློབ་དཔག་ཏུ་མེད་པ་འདུས་ཏེ། ཀློག་པ་བ་རྣམས་ལ་དུས་འཁོར་གཙོ་བོར་གྱུར་པའི་གཞུང་བཤད་དང་། སྤོང་བ་པ་རྣམས་ལ་སྦྱོར་དྲུག་གི་གདམས་པ་ལོ་དྲུག་གི་བར་དུ་གནང་བའི་མཐར། དུས་འཁོར་
ད་རེས་ལས་མི་བཤད་པས། སུ་ཉན་འདོད་པ་ཤོག་གསུང་པའི་སྐད་ཕྱོགས་ཀུན་ལ་བཏང་བས། ཚོགས་པ་རྒྱ་མཚོ་ལྟ་བུ་འདུས་པ་ལ་དབང་རྒྱུད་འགྲེལ་མན་ངག་དང་བཅས་པ་རྒྱས་པར་གནང་སྟེ་རྫོགས་
མ་ཐག ད་འདི་ནས་བདེ་བ་ཅན་དུ་སྐྱེས་ནས་སངས་རྒྱས་ཀྱི་ཞིང་སྦྱོང་ཞིང་སེམས་ཅན་སྨིན་པར་བྱེད་གསུང་ཞིང་། ས་ག་ཟླ་བའི་ཚེས་བཅུ་བཞིའི་ཐོ་རངས་འཇའ་འོད་དང་མེ་ཏོག་གི་ཆར་འབབ་པ་སོགས་ཆོ་
འཕྲུལ་སྣ་ཚོགས་དང་བཅས་པས་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏེ། གདུང་ལ་འཇམ་དཔལ་དང་། ཕྱག་རྡོར་དང་། དུས་འཁོར་གྱི་སྐུ་དང་རིང་བསྲེལ་ཡུངས་འབྲུ་ལྟ་བུ་མང་དུ་བྱོན་ཏོ༎ ༎ ༩ ཀུན་མཁྱེན་ཆོས་སྐུ་འོད་ཟེར།
རྗེ་འདིའི་སྲས་ཀྱི་ཐུ་བོ་ནི་རྗེ་བཙུན་རྒྭ་ལོ་དང་། ཀུན་མཁྱེན་ཆོས་སྐུ་འོད་ཟེར་གཉིས་ཡིན་ལ། ཆོས་སྐུ་བ་ནི་ཡུལ་མྱང་སྟོད་ཀྱི་གནས་ཨུཏྤ་ལ་ཁ་ཕྱེ་བ་ལྟ་བུའི་གསེར་སྡིངས་སུ། གདུང་སུམ་པ། ཡབ་གྲུབ་