R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 72a
[A:72a]མིག་གཏད་ཟིན་གྱིས། གཞོན་དུས་བཤེས་གཉེན་ཕྱོགས་མེད་གྲངས་མེད་བསྟེན་ལ། ཐེག་པ་མཐའ་དག་གི་ལུང་ནོད་ཅིག སྡེ་སྣོད་དང་རྒྱུད་སྡེ་ཐམས་ཅད་ཀྱི་སྒོ་ཕྱེ་ལ།
འདོད་དགུ་འབྱུང་བའི་ནོར་བུ་རྣམས་གདུལ་བྱའི་སེམས་ཅན་རིས་མེད་པ་ལ་རང་རང་གི་སྐལ་བ་དང་འཚམ་པར་བྲིམས་ཤིག སྙིང་བོ་བསྡུས་པའི་ལྡེ་མིག་གིས།། སྒོ་ལྕགས་བཙན་ཡང་ཕྱེད་དེ་མཆི༎
ཐོག་མར་ངེས་ཤེས་སྐྱེས་ན་ཡང་༎ ད་དུང་རྒྱུ་མཚན་ཕྱེ་ནས་སོམས༎ དེ་ལྟར་བྱས་ན་ཐུབ་བསྟན་དང་༎ སེམས་ཅན་ཀུན་ལ་ཕན་པ་བྱས༎ ང་ཡིས་འབད་པའང་དོན་དང་བཅས༎ དེ་རིང་ཁོ་བོའི་བསམ་
པ་རྫོགས༎ ཞེས་གསུངས༎ དགུང་ལོ་བཅོ་ལྔ་པ་ནས་ལོ་བཅུའི་བར་དུ་གསན་སྦྱོང་མཛད་པས་བུམ་པ་གང་བྱོའི་ཚུལ་དུ་མཁྱེན། དེ་ནས་ཡབ་ཀྱི་ཞལ་ནས། ཆོས་རྗེ་འཇམ་གསར་བ་དང་སྐྱེ་བ་སྔ་མ་ནས་
ལས་འབྲེལ་ཡོད་པས་དེའི་དྲུང་དུ་སོང་ཞིག་ཅེས་བརྫངས་ཏེ། འཇམ་གསར་བ་གྲུ་ཁང་ན་བཞུགས་པའི་དྲུང་དུ་བྱོན་ནས། གཤེད་དམར་གྱིི་དབང་གསན་པའི་ཚེ་བླ་མ་གཤིན་རྗེ་གཤེད་དུ་གཟིགས།
གཞན་ཡང་དབང་བྱིན་བརླབས། ཕར་ཚད་སོགས་གཞུང་གདམས་ངག་མང་དུ་གསན། ཆོས་རྗེའི་ཞལ་ནས། གཞན་བློ་བུམ་ནང་ནམ་མཁའ་ཙམ༎ འདི་བློ་ཕྱི་རོལ་ནམ་མཁའ་འདྲ༎ དེ་ཕྱིར་