[A:72b]འདི་བློ་མཚུངས་མེད་དེ༎ མ་བྱུང་འབྱུང་བ་ཤིན་ཏུ་དཀོན༎ ཞེས་ཚོགས་སུ་བསྔགས་པར་མཛད་དོ༎ གྲུབ་ཐོབ་སེ་མོ་ཆེ་བ་ལ་དུས་འཁོར་གསན་དུ་བྱོན་པས། ཆོས་འདི་ལ་ངས་དམ་དུ་བྱས་པ་ཡིན་
ཞིང་། གདམས་ངག་དང་རྒྱུད་རྫོགས་པར་ཞུ་བ་ལ་བླ་མ་ལོ་མང་དུ་བསྟེན་དགོས་པ་ཡིན་ཏེ། དེ་བས་འཇམ་གསར་བརྒྱུད་མཐོ་བར་འདུག ཁོང་འཇམ་དཔལ་དངོས་སུ་མཐོང་བས་ངས་ཐམས་ཅད་དུས་
གཅིག་ལ་བྱིན་ནས། ཆོས་འདིའི་བདག་པོ་ཁོང་ལ་གཏད་པ་ཡིན་པས། ཁྱོད་རང་ཡང་ཆོས་འདི་འདོད་ན་ཁོང་ལ་ཞུས། ཁྱེད་གཉིས་སྐྱེ་བ་མང་པོའི་དཔོན་སློབ་ཡིན་གསུངས་ནས་ཆོས་འབྲེལ་དང་བྱིན་
བརླབས་གནང་། དེ་ནས་གྲུ་ཁང་དུ་འཇམ་གསར་བ་ལ་དུས་འཁོར་གྱི་དབང་གསན་པའི་ཚེ། བླ་མ་རྡོ་རྗེ་ཤུགས་དངོས་སུ་གཟིགས། འདི་ལྟར་གདའ་ཞུས་པས། རྡོ་རྗེ་ཤུགས་དངོས་ཡིན་སྙམ་པའི་
དཔའ་ཡོད་པ་ཡིན། འོ་སྐོལ་དཔོན་སློབ་ལ་གེགས་ཀྱིས་མི་ཚུགས་གསུང་། ཡེ་ཤེས་ཕབ་དུས་སཾ་སྐྲྀ་ཏའི་སྐད་མང་པོ་བྱུང་བས་ཁ་ཆེ་པཎ་ཆེན་གསང་འདུས་ལ་མཁས་པའི་བག་ཆགས་སད་པར་
འདུག་གསུང་། དཀྱིལ་འཁོར་དུ་ཞུགས་པའི་ཚེ་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་སུམ་དུ་གཟིགས། དབང་བཞི་པའི་སྐབས་སུ་ང་བཞིན་དུ་ལུས་གནད་འཆོས་ལ་མི་རྟོག་པར་ཞོག་གསུངས་པ་ཙམ་